e-texts navigator
Collection
Volume
Page
Wylie

319b1 ཞུས་ཏེ་གཏན་ལ་བབ་པ། ། དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ། འཕགས་པ་འཇམ་དཔལ་གནོན་ནུར་གྱུར་པ་ལ་ཕྱག་འཚལ་ལ
319b2 འདི་སྐད་བདག་གིས་སློབ་དཔོན་གྱིས་བཤད་པ་ཐོས་པ་ན། ཡུལ་འདིའི་གཙུག་ལག་ཁང་བྲུབ་ཞེས་བྱ་བའི་དགྲ་བཅོམ་པ་དགེ་འདུན་འཕེལ་ཞེས་བྱ་བ་གསུམ་རིག་པ། མངོན་པར་ཤིས་པ་ཐོབ་པ། རྣམ
319b3 པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཞིག། དུས་གཞན་ཞིག་ན། སློབ་མ་ཞིག་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་འཇིག་ཚོགས་ཀྱི་རི་ཞེས་བྱ་བ་ལ་བཞུགས་ཏེ། སློབ་མ་བནྡེ་ཆོས་འདུལ་བ་ལ་སློབ་བཅིག
319b4 ལགས་ན། སངས་རྒྱས་མྱ་ངན་ལས་ནས་ལོ་ཉིས་སྟོང་ལོན་པ་དང་། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་གྱི་ཡུལ་ཀོའུ་ཤ་མ་བི་ཞེས་བྱ་བར་ནུབ་པར་འགྱུར་རོ་ཞེས་ཐོས་ནས། འདི་སྙམ་དུ་རྒྱ་གར་ཡུལ་གྱི་ཆོས་དེ
319b5 ཙམ་ཞིག་ན་ཡུལ་ཀོའུ་ཤམ་བིར་ནུབ་པར་འགྱུར་བ་ལྟ་ཞིག་ན། ལི་ཡུལ་ལ་སོགས་པ་གཞན་གྱི་ཆོས་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ནམ་འཇིག། རྐྱེན་ནི་གང་གི་འཇིག་པར་འགྱུར་སྙམ་དུ་ཐེ་ཙོམ་སྐྱེས
319b6 སོ། ། དེ་ནས་དགྲ་བཅོམ་པ་དེ་ཕྱི་འབྲིད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་པ་ལས་འཞེངས་པ་དང་། སློབ་མ་དེས་མཁན་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བཙལ་ནས། འདི་སྐད་ཅེས་ཐེ་ཙོམ་ནུས
319b7 སོ། ། སློབ་དཔོན་སྙན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་ཉིས་སྟོང་ན་འཇིག་པར་ལུང་བསྟན་ན། ལི་ཡུལ་འདི་ལ་སོགས་པ་ཡུལ་གཞན་གྱི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར།




iiif viewer powered by OpenSeadragon

319a - 320a

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa