e-texts navigator
Collection
Volume
Page
Wylie

202b1 མེས་འཇིག་པའི་བསྐལ་པ་རིམས་དེ་བཞིན་དུ་འབྱུང་བ་ནས། སླར་སེམས་ཅན་གནས་ཤིང་། བསྐལ་པ་བར་མ་བརྒྱད་ཅུ་ཚང་ནས། བསྐལ་པ་ཆེན་པོ་གཅིག་ཏུ་གྱུར་པའི་བར་དུ། ཆུའི་བསྐལ་པ། ཆུའི
202b2 བསྐལ་པ་གཅིག་འབྱུང་སྟེ། སེམས་ཅན་གྱི་ལས་ཀྱིས་ནི། ནུ་པག་ནས་ཀྱང་འབྱུང་། བླ་ནས་ཀྱང་འབབ་སྟེ། ཐོག་མར་ནི་འཛམ་བུ་གླིང་ཆུས་ཁྱེར། དེ་ནས་ཤར་ཕྱོགས། བྱང་ཕྱོགས། ནུབ་ཕྱོགས
202b3 ཆུས་ཁྱེར། དེ་ནས་མཐར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཐུར་དུ་ནི་རླུང་གི་དཀྱིལ་འཁོར་ལ་ཐུག། གྱེན་དུ་ནི་བསམ་གཏན་གཉིས་ཀྱིས། ཀུན་སྣང་དང་བའི་གནམ་གྱི་བར་དུ་ཆུས་ཁྱེར་ཏེ། བསྐུ
202b4 པ་བར་མ་ཉི་ཤུའི་བར་དུ་དེ་བཞིན་ཆུས་གང་། བསྐལ་པ་བར་མ་ཉི་ཤུར་ནི་སྟོང་པར་འགྱུར། ཉི་ཤུར་ནི་འཇིག་རྟེན་སླར་འཛུགས། ཉི་ཤུར་ནི་སེམས་ཅན་གནས་སོ།། དེ་ནས་ཡང་སླར་རིམས་གོང་མ་བཞིན
202b5 དུ་མེའི་བསྐལ་པ་འབྱུང་སྟེ། མེའི་བསྐལ་པ་ཡང་གོང་མ་བཞིན་དུ་ལན་བདུན་ཚང་ནས་ཆུ་ལན་ཅིག་འབྱུང་ངོ་།། དེ་ནས་ཡང་སླར་མེའི་བསྐལ་པའི་རིམས་བདུན་ཚང་ཞིང་། ཆུ་ལན་ཅིག་འབྱུང་བ་དེ་ལྟ་བུ་ལཱ
202b6 ཆུའི་བསྐལ་པ་ལན་བདུན་ཚང་བ་དང་། རླུང་གི་བསྐལ་པ་གཅིག་འབྱུང་ངོ་།། རླུང་གི་བསྐལ་པ་ནི་རླུང་གི་དཀྱིལ་འཁོར་འོག་མ་ནས་རྡོལ་ཏེ་བྱུང་བ་དང་། འཇིག་རྟེན་གྱི་རླུང་གི་དཀྱིལ་འཁོར་དུ་བསྡོངས་ནས།
202b7 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཤིག་གཏོར་ཏེ། རྡུལ་ཀྱང་མེད་པར་བྱས་ནས་གྱེན་དུ་བསམ་གཏན་གསུམ་གྱིས། དགེ་རྒྱས་གནམ་གྱི་བར་དུ་འཇིག་སྟེ། དེ་ལྟར




iiif viewer powered by OpenSeadragon

202a - 203a

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go