e-texts navigator
Collection
Volume
Page
Wylie

202a1 སླར་ལོ་བརྒྱད་ཁྲི་པར་གྱུར་ཏེ། དེ་ལྟ་བུར་སེམས་ཅན་གྱིས་ཐོག་མ་ཚེ་ལོ་བརྒྱད་ཁྲི་ལས་བཅུར་འགྲིབས། བཅུ་ལས་སླར་བརྒྱད་ཁྲིར་སྐྱེས་པ་དེ་ལྟ་བུ་གཅིག་ལ། བསྐལ་པ་བར་ལ
202a2 གཅིག་གོ། དེ་ལྟ་བུ་ཉི་ཤུ་འདས་ན། མེས་འཇིག་པའི་བསྐལ་པ་འབྱུང་སྟེ། ཉི་མ་འདི་ཉིད་སེམས་ཅན་གྱི་ལས་ཀྱིས་ན། ཉི་མ་བདུན་ཤར་ཏེ། རབ་ཏུ་བསྲེག་གོ།། ཉི་མ་གཉིས་ཤར་བའི་ཚེ་ནི། ཆར་པ་ཡང
202a3 མི་འབབ། གསུམ་ཤར་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྩཝ་ཤིང་ཀུན་བསྐམས་སོ།། ཉི་མ་བཞི་ཤར་བའི་ཚེ་ནི། ལྟེང་ཀ་ཆེ་ཆུང་ཀུན་བསྐམས་སོ།། ཉི་མ་ལྔ་ཤར་བའི་ཚེ་ནི། སྟོང
202a4 གསུམ་གྱི་སྟོང་ཆེན་པོའི་ཆུ་བོ་དང་། ཆུ་བྲན་ཐམས་ཅད་བསྐམས་སོ།། དྲུག་ཤར་བའི་ཚེ་ནི། རྒྱ་མཚོ་ཆེན་པོ་ཐམས་ཅད་བསྐམས་སོ།། བདུན་ཤར་བའི་ཚེ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན
202a5 གྱི་ཁམས་ཟུར་དུ་ནི་རླུང་གི་དཀྱིལ་འཁོར་ལ་ཐུག། གྱེན་དུ་ནི་ཚངས་ཆེན་ལ་ཕུག་གི་བར་དུ་བསྲེགས་ཏེ། དེ་ལྟར་བསྐལ་པ་བར་མ་ཉི་ཤུའི་བར་དུ་བསྲེགས་ཏེ། ཀུན་ཐལ་བར་བྱས་སོ།། དེ་ནས་བསྐལ་པ
202a6 བབར་མ་ཉི་ཤུའི་བར་དུ་ནི་སྟོང་པར་གནས་སོ། ། དེ་ནས་བསྐལ་པ་བར་མ་ཉི་ཤུའི་བར་དུ་འཇིག་རྟེན་ཀུན་སླར་འཇུག་སྟེ། འཛུག་པའི་ཐབས་ནི་གཞི་ནམ་མཁའ་དང་རླུང་ལས་བླངས་ཤིང་། རིམ་པར་འཇུག་པ་ནི
202a7 གོང་མ་བཞིན་ནོ། ། ས་གཞི་ཟུག་ནས་བསྐལ་པ་བར་མ་ཉི་ཤུའི་བར་དུ་ནི། སེམས་ཅན་གནས་ཏེ། དེ་ལྟ་བུར་བསྐལ་པ་བར་མ་བརྒྱད་ཅུ་འདས་པ་ལ་ནི། བསྐལ་པ་ཆེན་པོ་གཅིག་ཅེས་བྱའོ།། དེ་ནས་ཡང་སླར




iiif viewer powered by OpenSeadragon

201b - 202b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go