e-texts navigator
Collection
Volume
Page
Wylie

201a1 མོ་རྣམས་ཀྱང་དེ་བཞིན་ཏེ། སྡུག་བསྔལ་ཞིང་ཉོན་མོངས་པའི་ཚད་ནི་དཔེར་བྱར་མེད་དོ།། ཚེའི་ཚད་ནི་དེ་ལས་ནི་དགེ་བའི་མཐུ་ཡོད་ན་ཚེ་འདུམས་པར་ཡང་འགྱུར་རོ།། ཡི་དགས་ས་རྩེ
201a2 པའི་ཚེའི་ཚད་ནི། མིའི་ཟླ་བ་གཅིག་ལས་དེའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ཐུབ་བོ།། བྱོལ་སོང་དུ་སྐྱེས་པ་རྣམས་ནི་ཆེ་ངེས་པ་མེད་དེ། དགའ་བོ་དང་བསྙེན་དགའ་བོ་ལ་སོགས་པཀླུའི་རྒྱལ་པོ
201a3 ཅིག་གི་ཚེའི་ཚད་ནི། བསྐལ་པ་བར་མ་གཅིག་ཐུབ་བོ།། བསྐལ་པའི་ཚད་ནི་བསྐལ་པ་ལ་ཡང་རྣམ་པ་བཞི་སྟེ། བསྐལ་པ་བར་མ་དང་། འཇིག་པའི་བསྐལ་པ་དང་། འདུ་བའི་བསྐལ་པ་དང་། བསྐལ
201a4 པ་ཆེན་པོའོ། ། འཇིག་པའི་བསྐལ་པ་ལ་ཡང་རྣམ་པ་གསུམ་སྟེ། མེའི་བསྐལ་པ་དང་། ཆུའི་བསྐལ་པ་དང་། རླུང་གི་བསྐལ་པའོ།། བསྐལ་པ་བར་མ་ཡང་རྣམ་པ་གསུམ་སྟེ། མཚོན་གྱི་བསྐལ
201a5 པ་དང་། ནད་ཀྱི་བསྐལ་པ་དང་། མུ་གེའི་བསྐལ་པའོ།། བསྐལ་པ་བར་མ་ཞེས་བྱ་བ་ནི། མིའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ལས། ཕྲག་དོག་དང་། སེར་སྣ་ལ་སོགས་པ་ཉོན་མོངས་པ་ཁད་ཀྱིས་སྐྱེས་ནས
201a6 ཚེ་ལོ་ཡང་ཁད་ཀྱིས་འབྲི་སྟེ། ལོ་བཅུ་ལ་ཐུག་པ་དང་། ཞེ་སྡང་གི་ལག་གིས་བླངས་སོ་ཅོག་ཀྱང་མཚོན་དུ་འགྱུར་ཏེ། སེམས་ཅན་གྱི་ལས་འཐུན་པ་ཕན་ཚུན་བསྣུན་ནས། ཞག་བདུན་གྱི་བར་དུ་འཆི་བའི
201a7 རྒྱུན་མི་འཆད་པར་འབྱུང་ངོ་། ། དེའི་ཚེ་སྔོན་ཆད་བྱམས་པ་བསྒོམས་པའི་མཐུས། དེ་ལྟར་འཁྲུག་པའི་ནང་དུ་མ་གཏོགས་ཤིང་། ལོགས་ཤིག་ན་འཁོད་འཁོད་པའི་སེམས་ཅན་རྣམས། ཕྱིས་དེ་ལྟ་བུ་ཀུན




iiif viewer powered by OpenSeadragon

200b - 201b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go