| | e-texts navigator
|
200b1 ཤིང་སྡུག་བསྔལ་ལོ། ། དེའི་ཚེའི་ཚད་ནི་རྒྱལ་ཆེན་རིས་བཞིའི་ཆེ་ཚད་ཇི་ཙམ་པ་དེའི་ཉིན་ཞག་གཅིག་སྟེ། ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྫིས་པའི་ལྔ་བརྒྱ་རྔུ
200b2 བོ། ། ཐིག་ནག་པོ་ནས། ཚ་བའི་བར་དུ་ཉོན་མོངས་པ་དང་སྡུག་བསྔལ་ནི་རིམས་ཀྱིས་ཆེ། ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་ནས། གཞན་འཕྲུལ་དབང་བྱེད་ཀྱི་བར་དུ། ལྷ་དེ་དག་གི་ཚེའི་ཚད་ཇི་ཙམ་པ་ནི
200b3 སེམས་ཅན་དམྱལ་བ་དེ་དག་གི་ཉིན་ཞག་རེ་རེ་སྟེ། དེ་ལས་ལོར་བརྩིས་པའི་ཐིག་ནག་པོ་ལ་ནི་ལོ་ཉེས་སྟོང་། དེ་མན་ཆད་ཀྱང་ཕྱེད་ཕྱེད་ཀྱིས་སྐྱེ་སྟེ། སེམས་ཅན་དམྱལ་བ་ཚ་བའི་ཚེའི་ཚད་ནི་ཁྲི་དྲུག་སྟོང
200b4 ངོ་། ། སེམས་ཅན་དམྱལ་བ་རབ་ཏུ་ཚ་བ་ཆེན་པོའི་ཚེའི་ཚད་ནི་བསྐལ་པ་བར་མ་ཕྱེད་དོ།། མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་ཚེའི་ཚད་ནི་བསྐལ་པ་བར་མ་གཅིག་གོ།། སྡུག་བསྔལ་དང་ཉོན
200b5 མོངས་པའི་ཚད་ནི་དཔེ་མེད་དེ། གོང་མ་བས་རབ་ཏུ་ཆེའོ།། དེའི་འཁོར་སེམས་ཅན་དམྱལ་པ་ཕྲེའུ་རྣམས་ཀྱི་ཚེའི་ཚད་ནི་སོ་སོའི་ཕྱེད་པོའི་ཚད་དང་འདྲའོ།། སྡུག་བསྔལ་དང་ཉོན་མོངས་པའི་ནི་དེ་དག་པས
200b6 རླུཆུང་ཤས་ཀྱིས་རིམས་ཀྱི་ཆུང་ངོ་། ། གྲང་བའི་སེམས་ཅན་དམྱལ་བ་ཆེན་པོ་གྲང་བ་ཆེན་པོ་ཆུ་བུར་ཞེས་བྱ་བར་སེམས་ཅན་སྐྱེས་པའི་ཚེའི་ཚད་ནི་འདི་ལྟ་སྟེ། དཔེར་ན་ཏིལ་ཁལ་དགུ་བཅུ་རྩ་ལྔ་པའི་བང་བའི
200b7 ནང་ནས། ལོ་བརྒྱ་ཞིང་ཏིལ་འབྲུམ་བུ་གཅིག་ཕྱིར་ཕྱུང་སྟེ། དེ་ལྟ་བུའི་ཚུལ་དུ་ཏིལ་དེ་ཟད་པ་དང་སྙམ་མོ།། དེ་མན་ཆད་བདུན་ཆར་ཡང་གཅིག་ལས་གཅིག་ཉི་ཤུ་ཉི་ཤུར་བསྒྲེས་པའི་ཚད་དུ་སྦྱོར་རོ།། འཁོར་དྲ
iiif viewer powered by OpenSeadragon
200a - 201a