e-texts navigator
Collection
Volume
Page
Wylie

200a1 བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་། གནས་གཙང་མ་ལྔའི་ལྷ་རྣམས་ལ་སོགས་པ་ལ་ལྷུན་གྱིས་གྲུབ་པས་ཏིང་ངེ་འཛིན
200a2 གྱི་སྒོ་ནས་ཆོས་འཆད་དེ། གཙང་མའི་གནས་དེ་དག་ན་འཕགས་པ་མ་ཡིན་པ་རྣམས་ནི་དེར་མི་སྐྱེའོ།། དེ་ཡན་ཆད་ནི་གཟུགས་མེད་པའི་ཁམས་ཏེ། གཟུགས་ནི་མེད་དེ། སེམས་ཀྱི་འདུ་ཤེས་ཙམ་ལས
200a3 བསམ་གཏན་གྱི་རིམ་པར་འདུག་པ་ལ་བྱ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲིའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད
200a4 སྟེངས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲིའོ། ། ཅུང་ཟད་མེད་པའི་མཐའ་ཡས་སྐྱེ་མཆེད་སྟེངས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག
200a5 ཁྲིའོ། ། འདུ་ཤེས་ཡོད་འདུ་ཤེས་མེད་མིན་མཐའ་ཡས་སྐྱེ་མཆེད་སྟེངས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་ཐུབ་བོ།། ལྷ་མ་ཡིན་རྣམས་ནི་དགེ་བའི་གཞིང
200a6 རྒྱལ་དང་བཅས་པར་སྤྱད་པས་ན། ལྷ་མ་ཡིན་དུ་སྐྱེས་མོད་ཀྱི། ཚེ་དང་ལོངས་སྤྱོད་དེ་ནི་དེའི་ནང་ན་ཡང་བསོད་ནམས་ཆེ་ཆུང་ལས། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་པའི་ལྷ་དང་འདྲ། ཁ་ཅིག
200a7 ནི་ཕྱོགས་བཞིའི་མགོན་པོ་དང་འདྲའོ། ། སེམས་ཅན་དམྱལ་བ་ཕྱིར་འཚེ་བར་སེམས་ཅན་སྐྱེས་པ་རྣམས་ནི་ཉོན་མོངས་པ་དང་སྡུག་བསྔལ་མྱོང་བའི་ཚད་ནི་དཔེར་བྱར་མེད་དེ། ཤིན་ཏུ་ཉོན་མོང




iiif viewer powered by OpenSeadragon

199b - 200b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go