| | e-texts navigator
|
199a1 དེ་མན་ཆད་ཐམས་ཅད་ཀྱང་འདོད་པ་ལྔ་ལ་སྤྱོད་དེ། སོ་སོའི་དགེ་མི་དགེའི་ལས་བཟང་བ་དང་། བདེ་བ་ལ་སོགས་པའི་ཁྱད་པར་ནི་རིམས་ཀྱིས་ཆེ་སྟེ། དེ་བས་ན་འདོད་པའི
199a2 ཁམས་ཞེས་བྱའོ། ། འདི་ཡན་ཆད་ནི་གཟུགས་ཡོད་པའི་ཁམས་ཏེ། དེ་ན་ཁམས་འོག་མ་བཞིན་དུ་བུད་མེད་དང་འདོད་པ་ལྔའི་ལོངས་སྤྱོད་ལ་སོགས་པ་མེད་དེ། དགེ་བ
199a3 གཞི་ཤིན་ཏུ་ཆེ་བས་ན་བསམ་གཏན་གྱི་རིམ་པའི་མཐུ་ཆེ་ཆུང་ལས་ས་མཐོ་དམན་དུ་གནས་ཤིང་ལོངས་སྤྱོད་ཀྱང་བསམས་པ་ཙམ་གྱིས་འགྲུབ་སྟེ། བཟང་ཞིང་བདེ་སྤྱོད་པ་ནི་ཚད་མེད་དོ།། བསམ་གཏན་གྱི
199a4 ཟས་ཟ་སྟེ། དེར་སྐྱེ་བ་ཡང་རྫུས་པ་ལས་སྐྱེའོ།། ཚངས་ལྷ་ཉེ་ཕན་གནམ་གྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཚད་ཕྱེད། ཚེའི་ཚང་ནི་བསྐལ་པ་བར་མ་ཉི་ཤུའོ།། ཚངས་པ་ཀུན་རིགས་གནམ་གྱི་ལྔ
199a5 རྣམས་ཀྱི་ལུས་ཀྱི་ཚང་ནི་དཔག་ཚད་གཅིག་གོ། ། ཚེའི་ཚད་ནི་བསྐལ་པ་བར་མ་བཞི་བཅུའོ།། ཚངས་ཆེན་གནམ་གྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཚད་ཕྱེད་དང་གཉིས་སོ།། ཚེའི་ཚད་ནི་བསྐལ་པ་བར་མ
199a6 དྲུག་གོ། ཀུན་སྣང་སོང་གནམ་གྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཚད་གཉིས་སོ།། ཚེའི་ཚད་ནི་བསྐལ་པ་ཆེན་པོ་གཉིས་སོ།། ཚད་མེད་སྣང་གནམ་གྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཙང
199a7 ཚེའི་ཚད་ནི་བསྐལ་པ་ཆེན་པོ་བཞིའོ། ། ཀུན་སྣང་དང་བའི་གནམ་གྱི་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཚད་བརྒྱད་དོ།། ཚེའི་ཚད་ནི་བསྐལ་པ་ཆེན་པོ་བརྒྱད་དོ།། ཀུན་དགེ་གནམ་གྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི
iiif viewer powered by OpenSeadragon
198b - 199b