| | e-texts navigator
|
197b1 ནི་རང་གི་འདོམ་བརྒྱད་དོ། ། ཚེ་ནི་ཐམས་ཅད་ཀྱང་ལོ་སྟེང་ཐུབ་བོ།། རྒྱལ་ཆེན་རིས་བཞིའི་གནམ་རྣམས་ནི། དགེ་བའི་ཤས་དེ་བས་ཀྱང་ཆེ་སྟེ། ཁ་ཟས་དང་། ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱང
197b2 ཤིང་ལས་རང་བྱུང་སྟེ། སྣམས་སུ་སྦྱར་མི་དགོས་སོ།། ལུས་ཀྱི་ཚད་ནི་རང་གི་ཁྲུ་བཞི་ལས་རང་གི་འདོམ་གང་དུ་བརྩིས་པའི་འདོམ་བརྒྱ་ཉི་ཤུ་རྩ་ལྔའོ།། དེ་དག་གི་ཚེ་མི་ལོ་ལྔ་བཅུ་ལས་རྒྱལ་ཆེན་རིས་བཞིའི
197b3 ཉིན་ཞག་གཅིག་ཏུ་བརྩིས། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱ་ཐུབ་བོ།། དེ་ནི་པོ་སྨོས་མཚན་ཕྲད་པ་ཡང་། ཕན་ཚུན་ཁུ་བ་མི་འདྲེའོ།། ཕོ་མོའི
197b4 མཚན་འབྱོར་པའི་ཚེ། ཁུ་བ་ལྟ་བུར་རླུང་ཞིག་རྒྱུ་སྟེ། དེ་དགའ་བ་རབ་ཏུ་མྱོང་བར་འགྱུར་རོ།། མི་ལྟ་བུར་སྒོ་དྲུག་ནས་ངན་སྐྱུགས་ལ་སོགས་པ་དང་། དྲི་རྣམས་མེད་ཅིང་མི་འབྱུང་ཞིང་མི་ཟག་གོ།། དེ་དག་གི་བུ་ཕོར
197b5 སྐྱེས་པ་ནི། ཁྱེའུ་ལོ་བཅུ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་ལྟ་བུ་ཁྱེའུ་རང་སྐྱེས་པ་ཕའི་ཕང་དུ་འོང་ངོ་།། བུ་མོར་སྐྱེས་པ་ནི། ལོ་བཅོ་ལྔ་པ་རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ། དེ་ལྟ་བུ་ཡན་ལག
197b6 དང་ལྡན་ཞིང་རང་སྐྱེས་པ་མའི་ཕང་དུ་འོང་ངོ་། ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དགེ་བའི་གཞི་དེ་བས་ཀྱང་ཆེ་སྟེ། ཟས་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་བསྐལ
197b7 པའི་ཤིང་ལས་བསམ་པ་བཞིན་རང་བྱུང་སྟེ། སྣམས་སུ་སྦྱར་མི་དགོས་ནས། བཟང་བ་དང་། བདེ་བ་དང་། དགའ་བ་དང་། སྤྲད་པ་ཚད་མེད་དོ།། ལུས་ཀྱི་ཚད་ནི་རང་གི་ཁྲུ་བཞི་ལས་འདོམ་གང་དུ་བརྩིས་པའི
iiif viewer powered by OpenSeadragon
197a - 198a