e-texts navigator
Collection
Volume
Page
Wylie

197a1 ། ཁམས་སྐྱེ་རིམ་པ་ཡང་ལས་ལས་གྱུར་ཏེ། ཚད་མེད་གྲངས་མེད་པར་རིག་པར་བྱའོ།། འཛམ་བུའི་གླིང་གི་མི་རྣམས་ནི། དགེ་བ་དང་མི་དགེ་བ་དང་ལས་ཀྱང་འདྲེས་པར་སྤྱོད་དེ།
197a2 ཡུལ་རྣམ་དང་། ཁ་ཟས་དང་། ལོངས་སྤྱོད་ལ་སོགས་པ་ཡང་། དེ་བཞིན་དུ་བཟང་ངན་འདྲེས་པར་ཡོད་དོ།། མིའི་ལུས་ཀྱི་ཚད་ནི་ཁ་ཅིག་ནི་ཁྲུ་བཞི། ཁ་ཅིག་ནི་ཁྲུ་ཕྱེད་དང་བཞིའོ།། དེའི་ཚེ་ཚད་ནི
197a3 གཅིག་ཏུ་ངེས་པ་མེད་དེ། བསྐལ་པ་དང་པོའི་ཚེ་ཚད་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ལས། མི་དགེ་བའི་ལས་སྡིག་པ་རིམས་ཀྱིས་སྐྱེས་པའི་ལན་གྱིས་ན། ཚེ་དང་ལོངས་སྤྱོད་ལ་སོགས་པ་ཡང་དེ་བཞིན
197a4 དུ་ཁད་ཀྱིས་འགྲིབས་ཏེ། གནོད་པའི་བསྐལ་པ་ཐ་མའི་ཚེ་ནི། ཚེ་ལོ་བཅུ་པར་འགྱུར་བས་ན། ཚེའི་ལོ་གྲངས་གཅིག་ཏུ་ངེས་པ་མེད་དོ།། ཤར་གྱི་ལུས་འཕགས་པོའི་མི་རྣམས་ནི་འཛམ་བུའི་གླིང
197a5 གི་མི་ངས་དགེ་བའི་ཤས་ཆེ་སྟེ། ལོངས་སྤྱོད་ཀུན་ཀྱང་དེ་བཞིན་དུ་བཟང་ཞིང་རྒྱས། མིའི་ལུས་ཀྱི་ཚད་ནི་རང་གི་འདོམདོའོ།། ཚེའི་ཚད་ནི་ཐམས་ཅད་ཀྱང་འདྲ་སྟེ། ལོ་ཉིས་བརྒྱའོ།། ནུབ་ཀྱི་བ་ལང
197a6 སྤྱོད་ན། དགེ་བའི་ཤས་དེ་བས་ཀྱང་ཆེ་སྟེ། ལོངས་སྤྱོད་ཀུན་དེ་བཞིན་དུ་བཟང་ཞིང་རྒྱས་སོ།། མིའི་ལུས་ཀྱི་ཚད་ནི་ཐམས་ཅད་ཀྱང་རང་གི་འདོམ་བཞིའོ།། ཚེའི་ཚད་ཀྱང་ཀུན་འདྲ་སྟེ། ལོ་ལྔ་བརྒྱ་ཐུབ་བོ།།
197a7 བྱང་གི་སྒྲ་མི་སྙན་ནི་དགེ་བའི་གཞི་ཆེ་བས་ན་སྣམས་དང་རྨོས་ལ་སོགས་པ་ཡང་བྱ་མི་དགོས་ཏེ། ཁ་ཟས་དང་ལོངས་སྤྱོད་ལ་སོགས་པའང་རང་བྱུང་ཞིང་ཤིན་ཏུ་བཟང་ལ་རྒྱས་སོ།། དེའི་མི་རྣམས་ལུས་ཀྱི་ཚད




iiif viewer powered by OpenSeadragon

196b - 197b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go