| | e-texts navigator
|
196b1 གནམ་དང་། འོག་མིན་གནམ་མོ།། གྱ་ནོམ་སྣང་གནམ་མན་ཆད་ཀྱི་བར་གྱི་ཚད་ནི་འདྲ་སྟེ། དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་དོ།། གྱ་ནོམ་སྣང་གནམ་ནས་འོག་མིན་གྱི་གནམ་གྱི་བར་ཚད་ནི། དཔག་ཚད་དྲུག
196b2 འབུམ་བརྒྱད་ཁྲི་ཡོད་དོ། ། ཆེན་པོའི་ཆེ་བ་དབང་མཆོག་འདུ་མཆེད་གནམ་ཡང་དེའི་ཁམས་སུ་གཏོགས་ཏེ། ཁ་ཅིག་ལས་ནི་གཟུགས་ཀྱི་ཁམས་གནམ་རིམ་པ་ཉི་ཤུ་རྩ་གཉིས་ཞེས་བྱ་སྟེ། བཅུ་གུར་བསྡུའོ།
196b3 དེ་ཡན་ཆད་གཟུགས་མེད་དེ། བསམ་གཏན་བཞིའི་འདུ་ཤེས་ཀྱི་རིམས་ལས་མཐོ་དམ་ན་མིང་དུ་སྟེ། ས་གཞི་ཞེས་བརྗོད་ཀྱི། བར་ཚད་ནི་མེད་དེ། ནམ་མཁའ་སྟོང་པའོ།། འདུ་ཤེས་ཡོད་འདུ་ཤེས་ཡོད
196b4 མེད་མ་ཡིན་བསམ་གཏན་ནི་གང་ནས་ཀྱང་གྲུབ་ཏུ་རུང་ངོ་། ། དེ་ཡན་ཆད་ནམ་མཁའ་སྟོང་པ་སྟེ། ལྷ་ལ་སོགས་པ་གཟུགས་ཅན་གྱི་གནས་རིམ་པ་འོག་མ་བཞིན་མེད་དོ།། ནམ་མཁའ་སྟེང་ནི་རླུང་གི་དཀྱིལ
196b5 འཁོར་ནམ་མཁའ་སྟོང་པ་ལ་གནས་ཏེ། དེ་ཡན་ཆད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཞི་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལྟ་བུར་ཁམས་གསུམ་དང་ལྡན་པའི་གླིང་བཞིའི་ཁམས་འདི་ལྟ་བུ་ནི། ཕྱོགས
196b6 བཅུ་མཐའ་ཡས་པར་འཇིག་རྟེན་གྱི་ཁམས་གླིང་བཞི་དང་ལྡན་པའི་ཚུལ་འདི་ལྟ་བུ་གྲངས་མེད་ཚད་མེད་དེ། ཁམས་ཀྱི་ཁྱད་པར་དུ་ནི། སེམས་ཅན་དགེ་མི་དགེ་དང་། སངས་རྒྱས་ཀྱི་ཞིང་དུ་སྨོན་ལམ་ལས
196b7 གྱུར་པའི་འཇིག་རྟེན་ཁ་ཅིག་གཙང་ཞིང་བདེ་བ་ནི། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་ལྟ་བུ་དང་། ཁ་ཅིག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་མེད་པའི་འཇིག་རྟེན་གྱི
iiif viewer powered by OpenSeadragon
196a - 197a