e-texts navigator
Collection
Volume
Page
Wylie

196a1 མེད་ཁང་རྣམས་གནས་སོ། ། དེའི་གོང་ན་གནས་བདེ་ཞེས་བྱ་བའི་ལྷའི་འཇིག་རྟེན་ཡོད་དེ། དེའི་གཞལ་མེད་ཁང་ཡང་ནམ་མཁའ་སྟོང་པ་ལ་གནས་སོ།། དེའི་གོང་ན་འཕྲུལ་དགའ་ཞེས
196a2 བྱ་བའི་ལྷའི་འཇིག་རྟེན་ཡོད་དེ། དེའི་གཞལ་མེད་ཁང་ནམ་མཁའ་སྟོང་པ་ལ་གནས་སོ།། དེའི་གོང་ན་ལྷའི་འཇིག་རྟེན་ན་གཞན་འཕྲུལ་དབང་བྱེད་ཅེས་བྱ་སྟེ། དེ་དག་གི་གཞལ་མེད་ཁང་ཡང་ནམ་མཁའ་སྟོང་པ
196a3 ལ་གནས་སོ། ། དེ་དག་གི་བླ་འོག་གི་བར་ན་ཡང་དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་དོ།། དེ་མན་ཆད་སྤྱིའི་མིང་ནི་འདོད་པའི་ཁམས་ཞེས་བྱའོ།། དེའི་གོང་ན་གཟུགས་ཡོད་པའི་ཁམས་ཏེ། བསམ་གཏན་གྱི་རིམ་པ་ལས།།
196a4 ལྷའི་གནས་ཀྱང་དེ་བཞིན་ཏེ། གཞི་མེད་པར་ནམ་མཁའ་སྟོང་པ་ལ་གཞལ་མེད་ཁང་རྣམས་གནས་ཏེ། དེ་རྣམས་ཀྱི་བླའི་འོག་གི་བར་ན་ཡང་དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་དོ།། བསམ་གཏན་དང་པོའི་ས་ལས
196a5 གནས་གསུམ་དུ་འགྱུར་ཏེ། ཚངས་ལྷ་ཉེ་ཕན་གནམ་དང་། ཚངས་པ་ཀུན་རིས་གནམ་དང་། ཚངས་ཆེན་གནམ་མོ།། དེའི་གོང་རིམས་གསུམ་ནི། བསམ་གཏན་གཉིས་པའི་ས་སྟེ། ཀུན་སྣང་སོང་གནམ་དང་།
196a6 ཚད་མེད་སྣང་གནམ་དང་། ཀུན་སྣང་དང་བའི་གནམ་མོ།། དེའི་གོང་རིམས་གསུམ་ནི། བསམ་གཏན་གསུམ་པའི་ས་སྟེ། ཀུན་དགེའི་གནས་དང་། ཚད་མེད་དགེ་གནམ་དང་། དགེ་རྒྱས་གནམ་མོ།། དེའི་གོང་ན
196a7 བསམ་གཏན་བཞི་པའི་ས་རིམ་པ་བརྒྱད་དེ། ཀུན་ཆེ་བའི་གནམ་དང་། ཚད་མེད་ཆེ་གནམ་དང་། འབྲས་བུ་ཆེ་གནམ་དང་། མི་ཆེ་གནམ་དང་། མི་དྲོས་གནམ་དང་། ཤིན་ཏུ་མཐོང་གནས་དང་། གྱ་ནོམ་སྣང




iiif viewer powered by OpenSeadragon

195b - 196b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go