| | e-texts navigator
|
195b1 ཟླ་བའི་སྐྱེ་འབྲི་ནི་གནམ་སྟོང་གི་ཚེ། ཉི་ཟླ་ལྷན་ཅིག་ཏུ་འགྲོགས་པས། ཉི་མའི་འོད་ཀྱིས་ནོན་ཏེ་ཟླ་བ་མི་སྣང་ངོ་།། ཆོས་གཉིས་གསུམ་ནས་ཟླ་བ་ཁད་ཀྱིས་ཐལ་ཏེ། ཉིན་ལོགས་ཀྱི་ཟླ་བ་ནི་སྣང་། གྲིབ་ལོགས་ཀྱི
195b2 ཟླ་བ་ནི་མི་སྣང་སྟེ། དེ་ལྟར་ཉི་མ་དང་ཁད་ཀྱིས་རིང་ཞིང་ཟླ་བ་ཡང་ཆེར་སྣང་ནས། ཉ་ཚེ་ཉི་མ་ནུབ་པའི་འོག་ཏུ་ཟླ་བ་ཤར་བས་ན། ཉི་མའི་འོད་ཀྱིས་མི་ནོན་ཏེ་ཟླ་བ་རྒྱས་པར་སྣང་ངོ་།། དེ་ནས་ཡང་ཉི་མ་ས་ནོན་དུ
195b3 བྱེད་ཅིང་། ཟླ་བ་ཁད་ཀྱིས་འབྲིའོ།། སྐར་མ་ཕལ་ཡང་ལྷའི་ཁང་བུ་སྟེ། ཁོང་ཏའི་ལས་ཀྱིས་གཞལ་མེད་ཁང་མཐོ་དམན་དུ་འཁོད་དེ། འཛམ་བུའི་གླིང་ནས་དཔག་ཚད་ལྔ་ཡན་ཆད་རི་རབ་ཀྱི་རྩེ་མོ་མན་ཆད
195b4 མཐོ་དམན་དུ་འཁོད་པས་དེ་བཞིན་ཆེ་བར་སྣང་ངོ་། ། ནམ་མཁའ་ལ་སྤྲིན་འབྱུང་བ་ནི། ཀླུའི་རྒྱལ་པོ་རྣམས་ཀྱིས་མེ་དང་། དུད་པ་དང་། རླུང་དང་། ཆུ་རྣམས་ལུས་དང་། བསམས་པ་དང་། ཁ་ནས་འབྱུང
195b5 ཞིང་གཏོང་སྟེ། དེ་བས་ན་སྤྲིན་ལྟ་བུར་སྣང་ངོ་།། དེ་ཕན་ཚུན་འཁྲུགས་པ་ལས་ཟེར་བྱུང་བ་ནི་གློག་གོ། གནམ་ལྕགས་ནི་ཀླུས་སེམས་ཅན་ལ་གནོད་པར་བྱེད་པ་ལས་ཀྱང་འབྱུང་། ཁ་ཅིག་ཀླུ་ནང་འཇུག
195b6 པ་ལས་བྱུང་ངོ་། ། རི་ལུང་ལ་སོགས་པ་ནི་བསྐལ་པ་ཆེན་པོ་རྣམས་ཀྱིས་སྒྱུར་བའི་མཇུག་ལ། རླུང་གི་བསྐལ་པས་ཆུ་བརློངས་ཤིང་། སྲུབས་པའི་དབུ་བ་འཐས་པ་ལས། སེམས་ཅན་གྱི་ལས་ཀྱིས་གྱུར་ཏོ།།
195b7 ཤིང་རྩི་ལ་སོགས་པ་ཡང་ལོག་པར་ལྟ་བའི་རིགས་ཆེ་ཆུང་ལས་བཟང་ངན་ལས་གྱུར་ཏོ།། སུམ་ཅུ་རྩ་གསུམ་ཡན་ཆད་དཔག་ཚད་བཞི་ཁྲིན། ནམ་མཁའ་སྟོང་པ་ལ་མཚེ་མ་ཞེས་བྱ་བའི་ལྷའི་རིས་ཀྱི་གཞལ
iiif viewer powered by OpenSeadragon
195a - 196a