| | e-texts navigator
|
195a1 སེམས་ཅན་གྱི་ལས་ཀྱིས་ནི། འཛམ་བུའི་གླིང་ནས་གྱེན་དུ་དཔག་ཚད་བཞི་ཁྲིའི་སྟེང་ན། རི་ཟུང་འཛིན་གྱི་རྩེ་མོ་ཕོག་ཐག། རི་རབ་ལ་འཁོར་ཞིང་འཇིག་རྟེན་དུ་རིམས་ཀྱིས་སྣང་བར་བྱེད་དེ།
195a2 ཉི་མའི་གཞལ་ཡས་ཀྱི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་དོ།། ཟླ་བའི་གཞལ་ཡས་ཁང་གི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བཅུ་ཡོད་དོ།། ཉི་མའི་གཞལ་ཡས་ཁང་ནི་ཉི་མ་དང
195a3 བ་ཞེས་བྱ་བའི་རིན་པོ་ཆེ་ཡིན་པས་ན། འོད་དྲོ་བར་འགྱུར་རོ།། ཟླ་བའི་གཞལ་ཡས་ཁང་ནི་ཟླ་བ་དང་བ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཡིན་པས་ན། འོད་བསིལ་ཏེ། དེ་ལྟར་དྲོ་ཞིང་བསིལ་ཏེ། གཞན་གྱིས་བྱས་པ་མེད་དོ།།
195a4 རྒྱུ་སྐར་རྣམས་ཀྱང་ཉིད་སེམས་ཅན་ཏེ། སེམས་ཅན་ཕལ་གྱི་ལས་ཀྱིས་ན། ལྟས་བཟང་ངན་སྟོན་ཅིང་། འཁོར་བའི་རྒྱུད་ནི་ཉི་ཟླ་བཞིན་ནོ།། ནམ་འཛམ་བུའི་གླིང་དུ་ཉི་མ་ཤར་བ་ན། ཤར་ཕྱོགས་སུ་ཕྱེད་དོ།།
195a5 འཛམ་བུའི་གླིང་དུ་ཉི་མ་ཕྱེད་པ་ན། ནུབ་ཕྱོགས་སུ་ཤར་ཏོ།། འཛམ་བུའི་གླིང་དུ་ཉི་མ་ནུབ་པ་ན། ནུབ་ཕྱོགས་སུ་ཉི་མ་ཕྱེད་དེ། གླིང་བཞི་ཡང་དེ་ལྟར་རིག་པར་བྱ་སྟེ། ཟླ་བའི་རྒྱུད་ཀྱང་དེ་བཞིན་ནོ།། དགུན་ནམ་རིང
195a6 ཞིང་ཉི་མ་ཐུང་། དཔྱིད་སྟོན་ཉིན་མཚན་མཉམ་པ་ནི། འཛམ་བུ་གླིང་གི་ལྷོ་ཕྱོགས་སུ་ཉི་མ་སོང་བའི་ཚེ་ནི་ནམ་རིང་། བྱང་ཕྱོགས་སུ་སོང་བའི་ཚེ་ནི་ཉི་མ་རིང་ངོ་།། སྟོན་ཟླ་ར་བའི་ཚེས་ཉི་ཤུ་བཞི་ནས། དཔྱིད་ཟླ་ར་བའི
195a7 ཚེཆོས་ཉི་ཤུ་གསུམ་གྱི་བར་དུ་ནི་ནམ་ནི་ཁད་ཀྱིས་རིང་། ཉི་མ་ནི་ཁད་ཀྱིས་ཐུང་ངོ་།། དཔྱིད་ཟླ་ར་བ་ཚེས་ཉི་ཤུ་བཞི་ནས་དབྱར་ཟླ་ཐ་ཆུང་ཚེས་ཉི་ཤུ་གསུམ་གྱི་བར་དུ། ཉི་མ་ནི་ཁད་ཀྱིས་སྐྱེ། ནམ་ཁད་ཀྱིས་འབྲིའོ
iiif viewer powered by OpenSeadragon
194b - 195b