e-texts navigator
Collection
Volume
Page
Wylie

194b1 དེས་སེམས་ཅན་དེ་བཀུག་ནས་རྨས་ཏེ་ཁོ་ནའི་ལས་ལེགས་ཉེས་ལས། རྒྱུད་བཟང་ངན་བསྟན་ཏེ་དེར་འགྲོའོ།། ཡི་དགྲས་ཀྱི་གནས་གཞི་ཆེན་པོ་དེའི་ཡིན་མོད་ཀྱི། ཁོང་ཏ་ལས་ཀྱིས་ནི་མོའི་འཇིག་རྟེན
194b2 ན་ཡང་མཐུ་ཆེ་ཞིང་། གནས་དེ་ན་འཁོད་པ་ཡང་ཡོད། རི་དང་། ནགས་དང་། བྲག་དང་། ཕུག་དང་། ལུ་མ་དང་། ཤིང་ལ་སོགས་པ་ལ་གནས་ཤིང་ལོངས་སྤྱོད་དང་ལྡན་པ་ཡང་ཡོད། དེ་དག་གི་ནང
194b3 ནས་སེམས་ཅན་ལ་གནོད་པར་བྱེད་ཅིང་ཟས་སུ་ཤ་ཁྲག་དང་། ཆང་དང་། སྥུ་རུས་ལ་སོགས་པ་ཟ་བ་ཡང་ཡོད། ཁ་ཅིག་དུར་ཁྲོད་དང་། ཁང་རུལ་དང་། མཚེར་དང་། ལམ་ཁ་དང་། ལུང་ཁུང་དང་། ངན་སྐྱུག
194b4 ཀྱིས་དང་། གཞི་ངན་ནོ་ཅོག་ན་གནས་ཤིང་། སེམས་ཅན་ལ་གནོད་པ་བྱེད་དེ། ཟས་སུ་ཡང་སྒོ་དྲུག་ནས་ཟག་པ་ལ་སོགས་པ་སྨེའོ་ཅོག་ཡན་ཆད་ཟ་ཞིང་། སེམས་ཅན་ལ་ཡང་གནོད་པ་གྲངས་མེད་པར་བྱེད་པ
194b5 ཡང་ཡོད། ཁ་ཅིག་ནི་རང་གི་བུ་དང་། གཅིག་ལ་གཅིག་ཟ་ཞིང་འཚེ་བ་དང་། ཁ་ཟས་མེར་མཐོང་ཞིང་ཁར་བཅུག་ཀྱང་མེར་འབར་ལ། བཀྲེས་སྐོམ་གྱིས་སྡུག་བསྔལ་བས་ཉོན་མོངས་པ་དེ་ལྟ་བུ་ལ་སོགས་པ་རང་གི
194b6 ལས་ཀྱིས་གྲངས་མེད་པར་འགྱུར་བ་ཡོད་དེ། སོ་སོར་མིང་གིས་དབྱེར་ཡོད་མོད་ཀྱི། སྤྱིར་ཡི་དགས་སུ་བསྡུའོ།། ལྷ་མ་ཡིན་གྱི་གནས་ནི་རི་རིབ་ཆུའི་ནང་དུ་ནུབ་པ་དེ་ཁོང་སྟོང་དུ་འདུག་སྟེ། དེའི་ནང་ན་ལྷ་མ་ཡིན་གྱི
194b7 རྒྱལ་པོ་ནི་གནས་སོ། ། ཕྱོགས་བཞིར་གླིང་ཕྲན་ལྔ་བརྒྱ་པོ་རྣམས་ཀྱི་ནང་ན། ཁ་ཅིག་ནི་མིའི་གནས། ཁ་ཅིག་ནི་མི་མ་ཡིན་པའི་གནས། ཁ་ཅིག་ནི་སྟོང་པར་ཡང་འདུག་གོ། ཉི་མ་དང་ཟླ་བ་ཉིད་ནི་སེམས་ཅན་ཏོ།




iiif viewer powered by OpenSeadragon

194a - 195a

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go