e-texts navigator
Collection
Volume
Page
Wylie

194a1 དམྱལ་བ་དེ་དག་གི་ཟད་ཀ་ན། གྲང་བའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡོད་དེ། ཆུ་བུར་ཞེས་བྱ་བ་དང་། རབ་ཏུ་ཆུ་བུར་ཞེས་བྱ་བ་དང་། ཨ་ལ་ལ་དང་། ཧ་ཧ་ཧ་དང་།
194a2 ཧུ་ཧུ་ཧུ་དང་། ཨུཏྤ་ལ་དང་། པདྨ་དང་། པདྨ་ཆེན་པོ་ཞེས་བྱ་བ་འདི་བརྒྱད་ཡོད་དེ།། སེམས་ཅན་གང་འདོད་ཆགས་དང་། གཏི་མུག་གི་གཞི་སྡིག་པ་ཆེ་བ་རྣམས་གྲང་བའི་སེམས་ཅན་དམྱལ་བ་དེ་དག
194a3 ཏུ་རིམས་ཀྱིས་སྡུག་བསྔལ་བར་འགྲོ་སྟེ། སེམས་ཅན་དམྱལ་བ་དེ་དག་ཀུན་ཀྱང་ནི། སེམས་ཅན་རྣམས་རང་གི་ལས་མི་དགེ་བའི་སྡིག་པའི་ལས་ཀྱིས་བྱུང་གི། གཞན་སུས་ཀྱང་བྱས་སམ། བྱེད
194a4 དུ་བཅུག་པ་མེད་དོ། ། ནམ་སེམས་ཅན་རྣམས་མི་དགེ་བའི་སྡིག་པའི་ལས་ཅུང་ཟད་ཀྱང་མ་བྱས་ན། སྡུག་བསྔལ་གྱི་གནས་སེམས་ཅན་དམྱལ་བ་དེ་དག་ལ་སོགས་པ་ངན་སོང་གི་རྒྱུད་ཀྱང་མེད་པར
194a5 འགྱུར་རོ། ། དེ་ལྟ་བས་ན་ཀུན་གྱིས་དགེ་བའི་བསོད་ནམས་ནི་བསྒོམས། མི་དགེ་བའི་སྡིག་རྣམས་ནི་སྤངས་ཏེ། མི་ཡུལ་འདིར་འཆི་འཕོས་ནས། ལྷའི་འཇིག་རྟེན་དང་། ཡང་དག་པའི་གན
194a6 སུ་སྐྱེ་བར་བྱ་བ་ནི་དུག་སྤངས་ནས། བདུད་རྩི་བླང་བའི་རིགས་སོ།། འཛམ་བུ་གླིང་ནས་དཔག་ཚད་ལྔ་བརྒྱའི་འོག་ན། ཡི་དགས་ཀྱི་གནས་གཞི་ཆེན་པོ་ཡོད་དེ། ཡི་དགས་ཀྱི་རྒྱལ་པོ་གཤིན
194a7 རྗེའི་ཆོས་ཀྱི་རྒྱལ་པོ་དེ་ན་འདུག་སྟེ། སེམས་ཅན་སོ་སོ་ནས་བསྲུང་བའི་ལྷ་འཁོད་པ་རྣམས་ཀྱིས། སེམས་ཅན་དེ་ཤི་ན་དེའི་ལས་ལེགས་ཉེས་དྲིས་ནས་གཤིན་རྗེའི་ཆོས་ཀྱི་རྒྱལ་པོ་དེ་ལ་འབུལ་ཏེ།




iiif viewer powered by OpenSeadragon

193b - 194b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go