e-texts navigator
Collection
Volume
Page
Wylie

193b1 བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ། ། གླིང་སྒྲ་མི་སྙན་གྱི་དབྱིབས་ནི་གྲུ་བཞི་སྟེ། ངོས་གཅིག་ཀྱང་དཔག་ཚད་བརྒྱད་སྟོང་ཡོད་དོ།། ནུབ་ཕྱོགས་ཀྱི་གླིང་ནི་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་སྟེ། དེའི་འཁོར་གླིང་ཕྲན་ན
193b2 གཡོ་དང་བློར་ལྷག་ཅེས་བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ། ། གླིང་བ་ལང་སྤྱོད་དེའི་དབྱིབས་ནི་ཟླ་བ་ཉ་བའི་བཞིན་དུ་ཟླུམ་སྟེ། ཁོ་ར་ཁོར་ཡུག་སྲིད་དུ་དཔག་ཚད་དྲུག་སྟོང་ལྔ་བརྒྱ་ཡོད་དོ།། འཛམ་བུའི་གླིང
193b3 འོག་ཐུར་དུ་དཔག་ཚད་ཉི་ཁྲི་ལས་འདས་པ་ན། སེམས་ཅན་དམྱལ་བ་ཆེན་པོ་མཚམས་མེད་པ་ཞེས་བྱ་བ་ཡོད་དོ།། དབྱིབས་གྲུ་བཞི་ངོས་གཅིག་ཀྱང་སྲིད་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ།། འཕང་དུ་ཡང་དེ
193b4 བཞིན་ནོ། ། སེམས་ཅན་གང་ལས་ཐམས་ཅད་གཅོད་པར་བྱེད་པའི་སྡིག་ཅན་རྣམས་ནི་གནས་དེར་སྐྱེའོ།། དེ་ན་སྡུག་བསྔལ་ཤིན་ཏུ་གནོད་པ་མི་བཟད་པའི་རྒྱུན་བར་ཆད་པ་མེད་པས་ན། མཚམས་མེད
193b5 པ་ཞེས་བྱའོ། ། དེའི་སྟེང་ན་སེམས་ཅན་དམྱལ་བ་རབ་ཏུ་ཚ་བ་ཞེས་བྱ་བ་ཡོད་དོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཚ་བ་ཞེས་བྱའོ།། དེའི་སྟེང་ན་ཆེར་འབོད་པ་ཞེས་བྱའོ།། དེའི་སྟེང་ན་འབོད་པ་ཞེས་བྱའོ།།
193b6 དེའི་སྟེང་ན་གཞོར་བ་ཞེས་བྱ་བ་ཡོད་དོ།། དེའི་སྟེང་ན་ཐིག་ནག་ཅེས་བྱ་བ་ཡོད་དོ།། དེའི་སྟེང་ན་ཕྱིར་འཚོ་ཞེས་བྱ་བ་སེམས་ཅན་དམྱལ་བ་ཆེན་པོ་འདི་དང་བརྒྱད་ཡོད་དོ།། རེ་རེ་ལ་ཡང་འཁོར་སེམས་ཅན
193b7 དམྱལ་བ་ལ་ངོས་ངོས་ན་འཁོར་བར་འདུག་སྟེ། སེམས་ཅན་ཞེ་སྡང་གི་གཞི་སྡིག་པ་ཆེ་བ་རྣམས་ཚ་བའི་ན་རག་དེ་དག་ཏུ་རིམས་ཀྱིས་འགྲོའོ།། གཞན་ཡང་འཛམ་བུའི་གླིང་གི་འོག། ཚ་བའི་སེམས་ཅན།




iiif viewer powered by OpenSeadragon

193a - 194a

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go