e-texts navigator
Collection
Volume
Page
Wylie

193a1 བཟངས་ཁང་ཞེས་བྱ་བ་ཡོད་དེ། དེར་ལྷ་རྣམས་དུས་དྲུག་གི་ཚེ་འདུས་ནས། མིའི་འཇིག་རྟེན་དང་། ལྷའི་འཇིག་རྟེན་ན། ལེགས་ཉེས་ཅི་བྱེད་པ་རྣམས་རྟོག་ཅིང་དཔྱོད་དེ།། མི་འདི་རྣམས
193a2 ནི་དགེ་བ་བྱེད་དེ། བདག་ཅག་གི་གྲོགས་སུ་ལྷ་ཡུལ་དུ་སྐྱེའོ་ཞེས་ཏེ། དེ་དག་སྲུང་ཞིང་མགོན་བྱེད་པ་བསྔོས་ནས། མི་དེ་དག་ལ་བྱམས་པར་སེམས་སོ།། མི་འདི་དག་ནི་མི་དགེ་བའི་སྡིག་པ་བྱེད་པས་སེམས
193a3 ཅན་དམྱལ་བ་ལ་སོགས་པར་སྐྱེ་སྟེ། ག་ལ་སྲེད་ཅེས་འགྱོད་ཅིང་མི་དགའ་བའི་སེམས་འབྱུང་ངོ་།། དེ་ལྟ་བུར་འདུས་པའི་རྣམས་རྟོག་ཅིང་དཔྱོད་ན་ཕན་ཚུན་གཅིག་གཅིག་ཆོས་འཆད་ཅིང་བསོད་ནམས་བསྐྱེད་དེ
193a4 ལྷའི་བུ་རྣམས་དྲེགས་མི་བཀུར་བ་ལ་སོགས་པ་རྣམ་པ་མང་པོར་ཆོས་འཆང་དོ། ། གླིང་བཞི་ལ་ལྷོ་ཕྱོགས་སུ་ནི་འཛམ་བུའི་གླིང་ཞེས་བྱ་སྟེ། དེའི་འཁོར་གླིང་ཕྲན་གཡོག་དང་མི་འཆི་བ་ཞེས་བྱ་བ་ལ་སོགས་པ་གླིང
193a5 ཕྲན་ལྔ་བརྒྱ་ཡོད་དོ། ། འཛམ་བུ་གླིང་གི་དབྱིབས་ནི་སོགས་པ་འདྲ་སྟེ། ངོས་གསུམ་གྱི་སྲིད་ནི་མཚུངས་ཏེ། གཅིག་ཀྱང་དཔག་ཚད་ཉིས་སྟོང་ཡོད་དོ།། འགྲིན་ཕྲ་མོའི་སྲིད་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ།།
193a6 ཤར་ཕྱོགས་ཀྱི་གླིང་ནི་ལུས་འཕགས་པོ་ཞེས་བྱ་སྟེ། དེའི་འཁོར་གླིང་ཕྲན་ལུས་དང་འཕགས་པོ་ཞེས་བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ།། གླིང་ལུས་འཕགས་པོའི་དབྱིབས་ནི་ཟླ་གམ་འདྲ་སྟེ། ངོས་གསུམ
193a7 གྱི་སྲིད་ཀྱི་ཚད་ནི་འཛམ་བུའི་གླིང་དང་འདྲའོ། ། ཟླུམ་པོའི་ངོས་ཐ་མ་ནི་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་།། བྱང་ཕྱོགས་ཀྱི་གླིང་ནི་བྱང་གི་སྒྲ་མི་སྙན་ཅེས་བྱ་སྟེ། དེའི་འཁོར་གླིང་ཕྲན་བྱེད་པ་དང་། སྒྲ་སྙན་ཅེས




iiif viewer powered by OpenSeadragon

192b - 193b

Texts on this page

S315 - mdzod dang 'jig rten brjod pa'i mdo bam po gcig go