| | e-texts navigator
|
192b1 ཤར་ཕྱོགས་ན་ནི་གནས་སྲུངས་པོ་ཞེས་བྱ་བ་གནས་སོ།། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ་ཞེས་བྱ་བ་གནས་སོ།། ནུབ་ཕྱོགས་ན་ནི་མིག་མི་བཟང་ཞེས་བྱ་བ་གནས་སོ།། བྱང་ཕྱོགས་ན་ནི་ངལ་བསོ་བོ་ཞེས་བྱ་བ
192b2 གནས་ཏེ། འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་དེ་བཞི་སོ་སོ་ན་གནས་ཏེ། རི་རབ་ཀྱི་རྩེ་མོའི་སྟེང་ནི་གྲུ་བཞི་སྟེ། ངོས་གཅིག་ཀྱང་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ།། དེའི་གྲཝ་རེ་རེ་ན་ངོས་གཅིག་ཀྱང་དཔག་ཚད་ལྔ་བརྒྱ
192b3 པ། རིན་པོ་ཆེའི་ཁང་བུ་བརྩེགས་པ། གྲཝ་བཞི་པ་རེ་རེ་ཡོད་དོ།། དེའི་ནང་ན་ལག་ན་རྡོ་རྗེ་ཞེས་བྱ་བའི་གནོད་སྦྱིན་རྣམས་གནས་སོ།། རི་རབ་ཀྱི་རྩེ་མོའི་དབུས་ན། བརྒྱ་བྱིན་ལྷའི་དབང་པོའི་གནས་བཟང་སྣང་ཞེས་བྱ
192b4 བ་དེའི་གྲོང་ཁྱེར་ཆེན་པོ་ཡོད་དོ། ། ངོས་གཅིག་ཀྱང་སྲིད་དཔག་ཚད་ཉིས་སྟོང་ལྔ་བརྒྱའོ།། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཏེ་ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས་སོ།། གྲོང་ཁྱེར་དེའི་དབུས་ན་བརྒྱ་བྱིན་གྱི་ལྷ་ཁང
192b5 ཆེན་པོ་རིན་པོ་ཆེ་ལས་བྱས་པ་ཡོད་དོ། ། ངོས་གཅིག་ཀྱང་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་དོ།། གྲོང་ཁྱེར་བཟང་སྣང་དེའི་ཕྱོགས་བཞིན། ལྷ་རྣམས་རོལ་པའི་ས། སྐྱེད་མོས་ཚལ་ཆེན་པོ་བཞི་ཡོད་དོ།།
192b6 གཅིག་གི་མིང་ནི་ཤིང་རྟ་བརྒྱན་ཅེས་བྱ་བ་དང་། ཁྲ་བོ་ཞེས་བྱ་བ་དང་། འདྲེས་ཚལ་ཞེས་བྱ་བ་དང་། དགའ་ཚལ་ཞེས་བྱ་བ་དང་བཞིའོ།། དེའི་ཤར་ཕྱོགས་དང་། བྱང་གི་མཚམས་ན། སུམ་ཅུ་རྩ་གསུམ་པའི
192b7 ལྷ་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་བསྐལ་པའི་ཤིང་ཀུན་འབྱུང་ཞེས་བྱ་བ་ཡོད་དོ། ། རི་རབ་ཀྱི་སྟེང་ལྷོ་དང་ནུབ་གཉིས་ཀྱི་མཚམས་ན་ནི། ལྷ་རྣམས་ཀྱི་འདུན་ས་ཆོས
iiif viewer powered by OpenSeadragon
192a - 193a