| | e-texts navigator
|
290b1 ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། གསོལ་པ། བདག་གིས་བཟུང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་རྣམ་པར
290b2 དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་འཁོར་བཞི་པོ་དག་ལ་རྒྱུན་མི་འཆད་པར་སྟོན་ཅིག། དེ་ལྟར་ན་ཁྱོད་དམ་པའི་ཆོས་ཡོངས་སུ་གཟུང་བ་བྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ
290b3 མ་དྲོས་པའི་གནས་ནས། བྱ་རྒོད་ཕུང་པོའི་རི་ལ་གཤེགས་སོ་ཞེས་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཐོས་ནས། དེ་དག་ཐམས་ཅད་དད་པ་ཐོབ་སྟེ། ལྷན་ཅིག་ཏུ་བཅོམ་ལྡན
290b4 འདས་ག་ལ་བ་དེར་དོང་ངོ་། ། དེ་དག་དེ་ལྟར་ཕྱིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལས་བརྩམས་ཏེ། དེ་ལྟ་དེ་ལྟར་ཆོས
290b5 བསྟན་ནས། འཁོར་དེ་ལས་སྲོག་ཆགས་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྲོག་ཆགས་ལྔ་སྟོང་ནི་ཆོས་ཀྱི་མིག་སྐྱེས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང
290b6 ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན
290b7 པར་བསྟོད་དོ། ། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་།
iiif viewer powered by OpenSeadragon
290a - 291a