e-texts navigator
Collection
Volume
Page
Wylie

290a1 མཐར་ཕྱིན་པའི་དུས་ཤེས་ནས། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག
290a2 རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང
290a3 རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་མངོན་པར་དགའ་སྟེ། སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ཚུལ་བཞིན་དུ་མཆོད་དེ། རང་རང་གི་སངས་རྒྱས་ཀྱི་ཞིང་དང་རང
290a4 རང་གི་གནས་སུ་དོང་ངོ་། ། དེ་ནས་ཀླུའི་རྒྱལ་པོ་ས་དྲོས་པ་བུ་དང་བཅས། ཆུང་མ་དང་བཅས། གཉེན་དང་འཁོར་དུ་བཅས་ཏེ། ཀླུའི་རྒྱལ་པོ་ལྷ་སྲུངས་སུ་མངོན་པར་སྤྲུལ་ནས། བཅོམ་ལྡན
290a5 འདས་ཀྱི་གཞལ་མེད་ཁང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའང་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་དེར་བཞུགས་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས། ཉན་ཐོས
290a6 ཀྱི་དགེ་འདུན་དང་བཅས་པར་བཀོད་དེ། རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་སོང་སྟེ། དེས་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་དང་བཅས།
290a7 ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱ་རྒོད་ཕུང་པོའི་རི་ལ་བསྐྱལ་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ། རང་གི་གནས་སུ་སོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ




iiif viewer powered by OpenSeadragon

289b - 290b

Texts on this page

S309 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo