| | e-texts navigator
|
219b1 མཚང་དྲུས་ཀྱང་སླར་མཚང་མི་འདྲུ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
219b2 ལས་ཕྱིར་མི་ལྡོག་ཅིང་། ཇི་སྐད་སྨྲས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས
219b3 དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་སྤྲོས་ཀྱང་གཤེ་བར་མི་བྱེད་ལ།། གནོད་བྱས་གཞན་ལ་དེ་ནི་གནོད་མི་བྱེད།། དེ་ནི་མི་ལུས
219b4 སྤངས་པ་བྱས་ནས་ཀྱང་། ། བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་འཐོབ།། སྡིག་པའི་ཚིག་རྣམས་རྟག་ཏུ་སྲུང་བྱེད་ཅིང་།། སྡིག་པའི་སེམས་ཀྱི་དབང་དུ་མི་འགྲོ་ལ།། སྡིག་ལས་ལོག
219b5 སྟེ་འབྲས་བུ་དེ་ཐོབ་ནས། ། ཡེ་ཤེས་མཆོག་ཉིད་མྱུར་དུ་ཐོབ་པར་འགྱུར།། སྐྱེ་བོ་གང་དགའ་ཚོག་རྡུང་དགའ་བྱེད་ཅིང་།། ཁྲོ་གཏུམ་གནོད་པར་སེམས་པའི་སེམས་ལྡན་རྣམས།། སངས
219b6 རྒྱས་ཡེ་ཤེས་ཡོངས་སུ་སྤངས་ནས་སུ། ། མི་མཁས་དེ་དག་སྡུག་བསྔལ་མི་བཟད་ལྡན།། དེ་ལྟ་བས་ན་གཞན་ལ་མི་འཚོག་ཅིང་།། རྒྱུ་དང་མི་རྒྱུ་རྣམས་ལ་དབྱུག་པ་སྤོང་།། སེམས་ཅན
219b7 ཀུན་ལ་ཕན་དང་སྙིང་བརྩེར་ལྡན། ། དེས་འདིར་ཡེ་ཤེས་དམ་པ་མྱུར་དུ་འཐོབ།། སྐྱེ་བོ་རྨོངས་པ་ཁྲོས་པས་ཟིལ་ནོན་པ།། འཇིག་རྟེན་མཁས་པའི་སྟན་ལས་དེ་རིང་སྟེ།། དེ་ནི་ལོག་ལྟ།
iiif viewer powered by OpenSeadragon
219a - 220a