e-texts navigator
Collection
Volume
Page
Wylie

218b1 སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག། སྔ་འགྱུར་ཡང་ཡོད།། རྒྱ་གར་སྐད་དུ། ཨཱརྱ་ཀྐེ་སང་ཀ་ར་པ་རི་པྲིཙྪ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། ཟོད
218b2 སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས
218b3 གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་ན། སེར་བྷའི་གནས་ན་ཤཱཀྱ་རྣམས་ཤིང་ནྱ་ཀྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཅཝ
218b4 སོ། ། དེའི་ཚེ་ཤཱཀྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
218b5 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ཤཱཀྱའི་བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན
218b6 འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེགས
218b7 ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཆུ་རྩ་གཉིས་མངོན་པར་སྒྲུབ་པར་བགྱིད། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་བགྱིད། མོངས་པ་མ་མཆིས་པར་འགུམ་པའི་དུས




iiif viewer powered by OpenSeadragon

218a - 219a

Texts on this page

S308 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo