| | e-texts navigator
|
215a1 པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། ཡང་འོད་སྲུངས་ངས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ།། དེ་མང་དུ་སྒོམ
215a2 པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། ཡང་འོད་སྲུངས་ངས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ།། དེ་མང
215a3 དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། ཡང་འོད་སྲུངས་ངས་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ།། དེ
215a4 མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། ཡང་འོད་སྲུངས་ངས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད
215a5 དོ། ། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། འོད་སྲུངས་འདི་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ངས་བཤད
215a6 དོ། ། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་བྱང
215a7 ཆུབ་ཀྱི་ཡན་ལག་ལ་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །
iiif viewer powered by OpenSeadragon
214b - 215b