| | e-texts navigator
|
214b1 ཏེ། གདན་བཤམས་པ་ལ་བཞུགས་ཏེ། བཞུགས་ནས་ཡང་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་ཁྱོད་ཇི་ལྟར་བཟའ
214b2 བ་འདོད་དམ། ཇི་ལྟར་སྡུག་བསྔལ་མྱོང་། ཇི་ལྟར་ཞི་བར་འགྱུར། ཞི་བར་བྱེད་པའི་ཐབས་ཀྱིས་མི་ཞི་བ་མ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་གསོལ་པ། བཙུན་པ་བདག
214b3 ནི་བཟའ་བ་དང་བཏུང་བ་ལ་མི་སྲེད་པར་གྱུར། བདག་ནད་དམ་པོས་གཟིར་བར་གྱུར་ཏེ། ཞི་བ་འམ་མི་ཞི་བར་འགྱུར། ཞི་བར་བྱེད་པའི་ཐབས་མཛད་དུ་གསོལ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་།
214b4 འདི་ངས་ལེགས་པར་བཤད་པ་བྱའོ།། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། བདུན་པོ་གང་ཞེ་ན། དྲན་པ
214b5 ཡང་དག་བྱང་ཆུབ་ཀྱི་ཡན་ལག་པ་དི་འོད་སྲུངས་ངས་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། ། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མུ
214b6 ངན་ལས་འདས་པར་གྱུར་ཏོ། ། ཡང་འོད་སྲུངས་ངས་ཆོས་རྣམ་པར་འབྱེད་པ་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ།། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང
214b7 བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། ཡང་འོད་སྲུངས་ངས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ།། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན
iiif viewer powered by OpenSeadragon
214a - 215a