e-texts navigator
Collection
Volume
Page
Wylie

210b1 པར་བག་ཀྱང་བྱ། ། རྒྱལ་རིགས་དཔེ་བྱད་ལྡན་པ་དང་།། བྲང་འགྲོ་མོ་དང་དེ་ཞིན་དུ།། དགེ་སློང་ཚུལ་ཁྲིམས་ལྡན་པ་དེ།། མཁས་པས་ཟིལ་གྱིས་གནན་མི་བྱ།། དེ་ཕྱིར་བདག་སྲོག་སྲུང
210b2 བྱེད་པས། ། དེ་ནི་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེགས་པར་སྤང་བར་བྱ།། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ
210b3 སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་།། གཞོན་ནུ་དཔེའི་མདོ
210b4 རྫོགས་སོ། ། རྒྱ་གར་སྐད་དུ། ནནྡོ་པ་ནནྡ་ནཱ་ག་རཱ་ཛ་ད་མ་ན་སཱུ་ཏྲ། བོད་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་ཉེ་དགའ་འདུལ་བའི་མདོ།
210b5 འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན
210b6 གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། བཙུན་པ་དགེ་སློང་ལྔ་བརྒྱ་དང་བཅས་པ་སང
210b7 ནང་པར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་ལ་གནང་ནས། དེའི་ཉིན་མོའི་ལྷག་མ་དང་མཚན་མོའི་མཐའ་འདས་ནས་ཐོ




iiif viewer powered by OpenSeadragon

210a - 211a

Texts on this page

S302 - gzhon nu dpe'i mdo
S303 - klu'i rgyal po dga' bo nyer dga' 'dul ba'i mdo