e-texts navigator
Collection
Volume
Page
Wylie

210a1 ལ་ལེགས་པར་བག་ཀྱང་བྱ། ། གལ་ཏེ་གྲོང་ངམ་དགོན་པའང་རུང་།། གང་དུ་སྦྲུལ་ནི་མཐོང་གྱུར་ན།། ཐོ་དང་ལྡན་པས་དེ་བཞིན་ཞེས།། ཁྱད་དུ་མི་གསད་ཟིལ་མི
210a2 གནན། ། འདི་ལྟར་སྦྲུལ་ནི་རྒྱུ་བ་ན།། རིགས་ནི་རྣམ་པ་སྣ་ཚོགས་ལ།། གླགས་རྙེད་ནས་ནི་གནོན་ནུས་ཀྱང་།། སྐྱེས་པ་བུད་མེད་དུ་མ་ཟིན།། དེ་ལྟས་རང་གི་སྲོག་སྲུང་ཞིང་།། རང་གི་དོན་ལ་ཝཱ
210a3 བས་ནི། ། དེ་ནི་ཁྱད་དུ་མི་གསད་ཅིང་།། དེ་ལ་ལེགས་པ་བག་ཀྱང་བྱ།། འབར་བ་མང་བ་ཟ་བྱེད་པ།། བྱིན་ཟ་ལམ་སྔོན་ལྡན་པ་དེ།། ཆུང་ཡང་ཁྱད་དུ་མི་གསད་ཅིང་།། མཁས་པས་ཟིལ
210a4 གྱིས་གནན་མི་བྱ། ། ཉེ་བར་ལེན་པས་བྱིན་ཟ་ནི།། ཆུང་ངུ་གྱུར་ལས་ཆེན་པོར་འགྱུར།། མེ་ལྕེ་འབར་བས་མྱུར་བར་ནི།། གྲོང་དང་གྲོང་ཁྱེར་སྲེག་པར་བྱེད།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།
210a5 དེ་ནི་ཁྱད་དུ་མི་གསད་ཅིང་།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས་པར་བག་ཀྱང་བྱ།། བྱིན་ཟ་ལམ་སྔོན་ལྡན་གྱུར་པའི།། མེ་ཡིས་ཚང་ཚིང་གང་བསྲེགས་པ།། དེ་ལ་ཉིན་མཚན
210a6 འདས་གྱུར་པས། ། ལ་ལར་ལོ་མ་སྐྱེ་བར་འགྱུར།། གང་གིས་ཚུལ་ཁྲིམས་ལྡན་པ་ཡི།། དགེ་སློང་རྙེད་ནས་སྲེག་བྱེད་པ།། དེ་ལ་བུ་དང་ཚ་བོ་དང་།། འགོ་སྐལ་ཡོད་པར་མི་འགྱུར་ཏེ།།
210a7 ཏ་ལའི་མགོ་བཞིན་མི་རིང་བར།། རིགས་རྒྱུད་དང་ཡང་བྲལ་བར་འགྱུར།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས




iiif viewer powered by OpenSeadragon

209b - 210b

Texts on this page

S302 - gzhon nu dpe'i mdo