e-texts navigator
Collection
Volume
Page
Wylie

209a1 དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇིག་དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པར་རྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི
209a2 འགྱུར་ལགསམ། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། ང་ལ་སྐུར་པ་འདི་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུངས་པ་བཞིན
209a3 སྨྲ་བ་ཡིན། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པའི་རྩོད་པའི་རྗེས་སུ་རྩོད་པ་འོངས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་རོ།།
209a4 རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ།། ཤེས་ལྡན་གོའུ་ཏ་མ་དེ་སྐད་གསུངས་མོད་ཀྱི། ཤེས་ལྡན་གོའུ
209a5 ཏམ་ལ་བདག་ཡིད་མི་ཆེས་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ཀྱེ་གོའུ་ཏ་མ་རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འོད་སྲུངས་རྫོགས
209a6 བྱེད་དང་། ཀུན་ཏུ་རྒྱུ་ག་ནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྦའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང
209a7 ལགས་པ་དེ་དག་ཀྱང་། ད་དུང་བླ་ན་མེད་པ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་གཡར་གྱིས་མི་འཆེ་ལགས་ན། ཤེས་ལྡན་ཀོའུ་ཏ་མ་འཁྲུངས




iiif viewer powered by OpenSeadragon

208b - 209b

Texts on this page

S302 - gzhon nu dpe'i mdo