e-texts navigator
Collection
Volume
Page
Wylie

201a1 ཀུན་ཏུ་གྲུ་བཞི་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེ་འམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་ཚད
201a2 གཟུང་བར་ནི་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར
201a3 མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི
201a4 ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག་གླིང་བཞི་པའི
201a5 འཇིག་རྟེན་གྱི་ཁམས་ལྟ་ཞོག་གི། གནས་འཇོག་གི་རྒྱུད་དག་རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཡོད་དོ།། དེ་གཉིས་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེ་འམ། སྲང
201a6 བརྒྱའམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་ཚད་གཟུང་བར་ནུས་ཏེ། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད
201a7 གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ




iiif viewer powered by OpenSeadragon

200b - 201b

Texts on this page

S300 - 'phags pa rdo 'phangs pa'i mdo