e-texts navigator
Collection
Volume
Page
Wylie

200a1 དེ་ནི་གོམ་པ་འདི་སྐད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱ་འམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་ཅེས་བགྲང་བ་དང་། ཚད་གཟུང་བར་ནི་ནུས་ཀྱི
200a2 གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ
200a3 ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། ། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད
200a4 པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང་ལྟ་ཞོག་གི། གནས་འཇོག་གི་རྒྱུད
200a5 དག་ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་ཅིང་། ཟླ་གམ་དུ་གནས་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེ་འམ། གོམ་པ་བརྒྱ་འམ
200a6 གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་ཚད་གཟུང་བར་ནི་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བཟང་བ་དང་ཚད་གཟུང་བར་མི
200a7 ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགྲ




iiif viewer powered by OpenSeadragon

199b - 200b

Texts on this page

S300 - 'phags pa rdo 'phangs pa'i mdo