e-texts navigator
Collection
Volume
Page
Wylie

199b1 འོག་ཏུ་ནི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་། ངོས་སུ་ནི་ཁེ་ཡུག་གིས་ཡོངས་སུ་བཟུང་བ་དང་། སྟེང་ནས་ནི་ཀླུ་ཆེན་པོ་དག་གིས་ཤིང་རྟའི་སྲོག་ཤིང་ཙམ་དུ་ཆུའི་རྒྱུན་གྱི་ཆར
199b2 འབེབས་པར་བྱེད་པ་དང་། ཆུ་བོ་ཆེན་པོ་ཐམས་ཅད་ཆུ་ཀླུང་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་རྒྱ་མཚོ་ཆེན་པོར་འབབ་པར་བྱེད་པའོ།། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་འདི་ཡང་རྒྱུ་བཞིས
199b3 ནུབ་པར་མི་འགྱུར་རོ། ། བཞི་གང་དག་གིས་ཤེ་ན། འོག་ཏུ་ནི་འདུལ་བའི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་། ངོས་སུ་ནི་མདོ་སྡེའི་ཁོར་ཡུག་གིས་ཡོངས་སུ་བཟུང་བ་དང་། ཆོས
199b4 མངོན་པའི་ཀླུ་ཆེན་པོའི་ཆར་གྱིས་ཀུན་ཏུ་ཡོངས་སུ་གང་བར་བྱས་པ་དང་། བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བའི་ཆུ་ཀླུང་དག་གིས་ཡོངས་སུ་རྒྱས་པར་བྱས་པའོ།། གནས་འཇོག་གི་རྒྱུད་དག
199b5 བོན་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པར་ཡང་ཐོབ་པར་བྱེད་དོ།།
199b6 ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུརཡོངས་སུ་གཏུགས་པར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་མི་ཟད
199b7 པ་ཡང་ཐོབ་པར་བྱེད་དོ། ། གནས་འཇོག་གི་རྒྱུད་དག་འཛམ་བུ་གླིང་འདི་ནི་ཆུ་དང་ཞེང་དུ་དཔག་ཚད་བདུན་སྟོང་ཡོད་ཅིང་། བྱང་ཕྱོགས་སུ་ནི་ཡང་ལ། ལྷོ་ཕྲོགས་སུ་ཤིང་རྟའི་དབྱིབས་ཡིན་ནོ།།




iiif viewer powered by OpenSeadragon

199a - 200a

Texts on this page

S300 - 'phags pa rdo 'phangs pa'i mdo