e-texts navigator
Collection
Volume
Page
Wylie

193a1 འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། ། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
193a2 རྣམས་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པར་ཡང
193a3 དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདས་པ་དང་།།
193a4 མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན
193a5 ཏོ། ། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་གཉིས་པ་དེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས
193a6 པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན
193a7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་ཀུན་ནས




iiif viewer powered by OpenSeadragon

192b - 193b

Texts on this page

S300 - 'phags pa rdo 'phangs pa'i mdo