e-texts navigator
Collection
Volume
Page
Wylie

191b1 སོ། ། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་འཛམ
191b2 བུ་གླིང་ཆུ་དང་རྒྱར་ནི་དཔག་ཚད་བདུན་སྟོང་ཡོད་དེ། བྱང་ཕྱོགས་སུ་ནི་ཡངས་ལ། ལྷོ་ཕྱོགས་སུ་ཤིང་རྟའི་དབྱིབས་སོ།། གནས་འཇོག་གི་རྒྱུད་དག་ཤར་གྱི་ལུས་འཕགས་གླིང་ནི་ནུར་དཔག་ཚད་བརྒྱད
191b3 སྟོང་ཡོད་དེ། ཟླ་གམ་དུ་གནས་སོ།། གནས་འཇོག་གི་རྒྱུད་དག་པ་ལང་སྤྱོད་ཀྱི་གླིང་ནི་ཆུར་དཔག་ཚད་དགུ་སྟོང་ཡོད་ལ། ཀུན་ཏུ་ཟླུམ་པོའོ།། གནས་འཇོག་གི་རྒྱུད་དག་བྱང་གི་སྒྲ་མི་སྙན་གྱི་གླིང
191b4 ནི་ཆུར་དཔག་ཚད་ཁྲི་ཡོད་དེ། ཀུན་ནས་གྲུ་བཞིའོ།། གནས་འཇོག་གི་རྒྱུད་དག་གང་གླིང་བཞིར་དུས་མེད་པའི་སྤྲིན་ཆེན་པོ་ཡང་དག་པར་འོང་བའི་དུས་དེ་ཡོད་དེ། དེའི་ཚེ་གླིང་ཆེན་པོ་བཞི་ནས་ཆུ
191b5 ཆེན་པོའི་རྒྱུན་དང་། ཆུ་ཆེན་པོའི་ཕུང་པོ་རྒྱ་མཚོ་ཆེན་པོར་འབབ་སྟེ། དེ་བཞིན་གཤེགས་པ་ཆུའི་ཐིག་པ་རེ་རེ་ཡ། ཆུའི་ཐིགས་པ་འདི་ནི་འཛམ་བུ་གླིང་ནས་ཆར་འབབ་པའོ།། གྲོང་ཆེ་གེ་མོ
191b6 དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་རེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་།
191b7 འབྲས་བུ་དང་། རྩཝ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ནར་འབབ་པའོ།། འདི་ནི་བ་ལང་སྤྱོད་པ་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་གྱི




iiif viewer powered by OpenSeadragon

191a - 192a

Texts on this page

S300 - 'phags pa rdo 'phangs pa'i mdo