| | e-texts navigator
|
190a1 དེས་ས་ཆེན་པོ་བསྒྱུར་བར་ནི་ནུས་པར་གྱུར་ན། ས་ཆེན་པོ་བསྒྱུར་བར་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ།། མོའུ་འགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས
190a2 ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། ཀུན་ཏུ་གཏི་མུག་པར་འགྱུར་རོ།། མོའུ་འགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོའི་སྟེངས་ཅན་ན་ས་ལས
190a3 བྱུང་བའི་རོའི་ཁམས་གྱ་ནོམ་པ་དེ་ཡང་ཡུན་རིང་དུ་མི་གནས་ཏེ། ། རིང་པོ་མི་ཐོགས་པར་དེ་ས་ཆེན་པོའི་སྟེང་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུར་རོ།། དེའི་ཕྱིར་སེམས་ཅན་དང་།
190a4 འབྱུང་པོ་དང་། སྲོག་ཆགས་དེ་དག་ཀྱང་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོལ་རྨོངས་ཏེ། མཆོག་ཏུ་མྱོས་པར་འགྱུར་བ་འམ། སྲོག་ཆུད་ནས་ཤི་བའི་དུས་བྱེད་པར་འགྱུར་ཏེ།
190a5 མོའུ་འགལ་གྱི་བུ་དེའི་ཕྱིར་ས་ཆེན་པོ་བསྒྱུར་བ་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ།། གནས་འཇོག་གི་རྒྱུད་དག་དགེ་སློང་མོའུ་འགལ་གྱི་བུ་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ
190a6 དང་ལྡན་ནོ། ། གནས་འཇོག་གི་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི། ཀུན་ཏུ་འགྲོ་བ་ན་ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ཉི་མ
190a7 སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིས
iiif viewer powered by OpenSeadragon
189b - 190b