| | e-texts navigator
|
184a1 གླིང་གཉིས་པ་དང་། གླིང་གསུམ་པ་དང་། གླིང་བཞི་པའི་འཁོར་ལོས་སྒྱུར་བའོ།། དེ་ལ་གླིང་གཅིག་པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། ལྕགས་ལས་བྱས་པ
184a2 ཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་པར་འབྱུང་ངོ་། ། གླིང་གཉིས་པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། ཟངས་ལས་བྱས་པ་ཁོར་ཡུག་ཏུ་རྒྱུང་གྲགས་གཉིས་ཡོད་པ་འབྱུང་ངོ་།། གླིང་གསུམ
184a3 པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། དངུལ་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གསུམ་ཡོད་པ་འབྱུང་ངོ་།། གླིང་བཞི་པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། གསེར་ལས་བྱས་པ།
184a4 རྩིབས་སྟོང་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། ཐམས་ཅད་གསེར་ལས་བྱས་པ། ལྷ་རྫས་འོད་འཕྲོ་བ། བོད་རབ་ཏུ་གསལ་བ། ཁོར་ཡུག་ཏུ་རྒྱང་གྲགས
184a5 བཞི་ཡོད་པ་འབྱུང་ངོ་། ། གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཁོར་ལོ་སྒྱུར་བ་དག། བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། རྒྱལ་ཆེན་བཞིའི་རིས་ལྷ་རྣམས་ཀྱི་བསོད
184a6 ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང
184a7 རྒྱུར་ཡང་ཉེ་བར་མི་འགྲོའོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། རྒྱལ་པོ་ཆེན་པོ་བཞིའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཅང
iiif viewer powered by OpenSeadragon
183b - 184b