e-texts navigator
Collection
Volume
Page
Wylie

178b1 ལེགས་སོ་སྙམ་ནས། དེ་ནས་བདག་ཅག་ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་བར་བགྱིད་ལ། རྩོད་པ་མ་མཆིས་ཤིང་རྩེ་གཅིག་སྟེ། བློ་གཅིག་པར་གྱུར་ནས་ཀུ་ཤིའི་གྲོང་ཁྱེར་ཐམས
178b2 ཅད་ནི་ཆོ་ག་བཞིན་དུ་ཕྱག་བདར་བགྱིས། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱིས་ནས། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། འཕྲེང་བ་དང་།
178b3 མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱིད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་འཛུགས་པར་བགྱིད། དུས་སྟོན་ཡང་རབ་ཏུ་འཇོག་པར
178b4 བགྱིད། བཅོམ་ལྡན་འདས་ཤུལ་གང་ནས་གཤེགས་པའི་ཤུལ་དེའང་ཆོ་ག་བཞིན་དུ་ཕྱག་བ་དར་དག་བགྱིས་པས། གོར་མ་ཆེན་པོ་ཡངས་པ་དེ་གནས་མ་ལགས་པ་ན་མཆིས་ཤིང་ཤུལ་པོ་ཆེན
178b5 གནས་པ་མཐོང་ལགས་སོ། ། དེ་ནས་བདག་ཅག་འདི་སྙམ་དུ་སེམས་སོ།། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ནས་བཏེག་སྟེ། ཕྱོགས་གང་ཡང་རུང་བར་གཞག་གོ། དེའི་ཕྱིར
178b6 བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་བདར་བགྱིས་པར་གྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས
178b7 མཚམས་ངག་ཏུ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འཕགས་པར་གྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ལངས་པ་དེ་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས




iiif viewer powered by OpenSeadragon

178a - 179a

Texts on this page

S300 - 'phags pa rdo 'phangs pa'i mdo