| | e-texts navigator
|
177b1 བསྐུལ་བར་ཡང་མ་ནུས་ན། བསྐྲད་པའམ། འཕང་པར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་། དགེ་སློང་གི་དགེ་འདུན་དུ་བདར་ཏེ། གང་ན་རྡོ།།
177b2 ཆེན་པོ་ཡངས་པ་དེ་གནས་པའི་ཕྱོགས་དེ་ལ་གཤེགས་སོ།། ཀུ་ཤིའི་གྲོང་ཁྱེར་དུ་སྐྱེས་པའི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་ཚུར་གཤེགས་པ་མཐོང་སྟེ། མཐོང་ནས
177b3 ཀྱང་དགའ་མགུ་ཞིང་རངས་ཏེ། དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནས་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསུ་བར་བྱེད་དོ།།
177b4 བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་བར་བྱེད་དོ།། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བར་བྱེད་དེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཅང་མི
177b5 སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། ། བཅོམ་ལྡན་འདས་ཀྱིས། ཀུ་ཤིའི་གྲོང་ཁྱེར་གྱི་གྱང་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་དག་ཅི་འདི་ངལ་བ་ཆེན་པོ་མཆོག
177b6 གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཀུ་ཤིའིརི་གྲོང་ཁྱེར་གྱི་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི
177b7 ལ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་བདག་ཅག་གིས་ནི། བཅོམ་ལྡན་འདས་གྱད་རྣམས་ཀྱི་ལྗོངས་རྒྱུབ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པདྨའི་ནགས་ཁྲོད་ན་བཞུགས་སོ།། དེ་ལ་སྡིག
iiif viewer powered by OpenSeadragon
177a - 178a