e-texts navigator
Collection
Volume
Page
Wylie

176a1 གནས་པ་བྱེད་དེ། གཤེགས་ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་ལམ་དེའང་ཆོ་ག་བཞིན་དུ་ཕྱག་བདར་དག་བྱེད་དོ།། ཡང་དེའི་ཚེ་ཀུ་ཤིའི་གྲོང་ཁྱེར་གྱི་བར་དང་། ཆུ་ཀླུང
176a2 དབྱིག་ལྡན་གྱི་བར་དེ་གཉིས་ཀྱི་བར་ན་རྡོ་ཆེན་པོ་ཡངས་པ་ཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་པོ་ཆེན་གནས་པ་ན། འདི་ལྟ་སྟེ། གྱེན་དུ་ནི་འདོམ་བཅོ་ལྔ་སྲིད་མངོན་དུ་འཕགས་སོ།། རྒྱར་འདོམ
176a3 ཕྱེད་དང་བརྒྱད་དོ། ། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་གཏེག་སྟེ། ཕྱོགས་ཅིག་གཅིག་ཏུ་གཞག་པར་བྱའོ།། དེའི་ཕྱིར
176a4 བདག་ཅག་གི་ས་ལམ་ཡང་ཤིན་ཏུ་ཕྱག་བདར་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས
176a5 མཚམས་དག་ཏུའང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པས་མངོན་པར་འཕགས་པར་གྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས
176a6 བཏེག་ནས། ཕྱོགས་གང་ཡང་རུང་བ་ཞིག་ཏུ་བཞག་ནས། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་དག་ནི་དཔའ་བ་དག་བྱུང་ངོ་།། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་ངག་ནི་རྟུལ་ཕོད་པ་ཡན་ལག
176a7 མཆོག་གི་གཟུགས་དང་ལྡན་པ་དག་བྱུང་བར་གྱུར་ཏོ་ཞེས་ཟེར་རོ་སྙམ་ནས། དེ་ལྟར་རྗེས་སུ་རྣམ་པར་བསམས་ཏེ། དམ་བཅའ་བ་དག་བྱས་སོ།། ཤེས་ལྡན་དག་ཀུ་ཤིའི་གྲོང་ཁྱེར་གྱི་གྱད




iiif viewer powered by OpenSeadragon

175b - 176b

Texts on this page

S300 - 'phags pa rdo 'phangs pa'i mdo