e-texts navigator
Collection
Volume
Page
Wylie

148a1 རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད
148a2 པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། མི་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།།
148a3 དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ལྷ་དང་ལྡན་པ་ཡིན་ནོ།།
148a4 དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས།
148a5 སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕ་མ་གཉིས་ནི་ཚངས་པ་སྟེ།། དེ་བཞིན་དང་པོ་སློབ་དཔོན་ཡིན།། བུ་ཡིས་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་ཕྱིར་དེ
148a6 གཉིས་ཕྱག་གི་གནས། ། དྲིལ་བ་དང་ནི་ཁྲུས་རྣམས་དང་།། རྐང་པ་དག་ཀྱང་བསྐུ་བ་དང་།། ཡང་ན་ཟས་དང་སྐོམ་རྣམས་དང་།། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས
148a7 ཀུར་སྟི་བྱ། ། ཕ་མ་དག་ལ་བཀུར་བྱས་པ།། དེས་ན་མཁས་པ་དེ་དག་ན།། འདིར་ཡང་སྤང་བར་མི་འགྱུར་ལ།། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། བཅོམ་ལྡན་འ་དས་ཀྱིས




iiif viewer powered by OpenSeadragon

147b - 148b

Texts on this page

S297 - pha ma'i mdo