e-texts navigator
Collection
Volume
Page
Wylie

141b1 སུ་སྐྱེའོ། ། བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདོད་པའི་དོན་རྣམས་ལ་རིགས་ཀྱི་བུས་མི་བྱ་བ་ཉིད་དོ།། བདེན་པ་དང་ལེགས་པའི་བཅུད་རྣམས་དེ་ལྟ་བུ་ནི་བླང་བར་བྱའོ།།
141b2 བརྫུན་དུ་སྨྲ་བ་ཞེས་བྱ་བ་དོན་མེད་པར་བྱེད་པའོ།། འཇིག་རྟེན་སླུ་བར་བྱེད་དོ།། སྐྱེ་བ་གཞན་དུ་མར་མནར་མེད་པའི་དམྱལ་བར་སྐྱེས་པར་འགྱུར་རོ།། དེའི་ཕྱིར་འཚོ་བའི་སླད་དུ་བརྫུན་དུ་སྨྲ་བར་མི
141b3 བྱའོ། ། ཐམས་ཅད་མཁྱེན་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་སྒྲིབ་པ་དང་བཅས་པའི་དུས་ནའང་ཕྲ་མ་ནི། ཡུང་བའི་ཁ་དོག་ལྟར་ཡུན་རིང་པོར་མི་གནས་སོ།། ཕུབ་མའི་ཕུང་པོའི་སྟེང་དུ་ཕུར
141b4 པ་བཙུགས་ན་ཡུན་རིང་དུ་མི་གནས་པ་བཞིན་ནོ། ། རྟའི་རྒྱབ་ཏུ་ཤིང་ཐོག་རིལ་བུ་བཞག་ན་ཡུན་རིང་དུ་མི་གནས་པ་བཞིན་དུ། སྨྲས་པའི་ཚིག་ལ་རལ་གྲིས་སྐྱེ་འདྲེག་པའི་ཚེ་ཚིག་གཉིས་མི་སྤ
141b5 བཞིན་ནོ། ། བདེན་པར་ཡུན་རིང་པོར་སྨྲས་པས་དགེ་སྦྱོང་དང་བྲམ་ཟེས་ཕ་རོལ་ཏུ་སྒྲོལ་བར་བྱེད་དོ།། ཆང་འཐུངས་པ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ།། དེར་ལྷུང་བའི་སེམས་ཅན
141b6 ནི་ལོ་སྟོང་ཕྲག་མང་པོར་འཚེད་པར་འགྱུར་རོ། ། དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་སྦྱར་བར་བྱེད་དོ།། གང་དུའང་འགྲོ་ས་མེད་པར་ཡང་དང་ཡང་དུ་རྒྱལ་བར་བྱེད་དོ།། དེར་དམྱལ་བའི་སྲུངས
141b7 མ་རྣམས་ཀྱིས་མཆིལ་པས་ཉ་འདོན་པ་ལྟར། ལྕགས་བསྲེགས་ཀྱི་ས་གཞི་ལ་རྡེབ་པར་བྱེད་དོ།། འདི་ལྟར་སྒྲོགས་ཏེ། ཀྱེ་སྐྱེས་བུ་ཁྱོད་ཅི་འདོད། ཇོ་བོ་སྐོམ་མོ།། དམྱལ་བའི་སྲུངས་མ




iiif viewer powered by OpenSeadragon

141a - 142a

Texts on this page

S295 - bslab pa lnga'i phan yon gyi mdo