| | e-texts navigator
|
140b1 ཨར་འགྱུར་རོ། ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིགཟུང་མེད་སྐྱེས་པ་འདོད།། སྐྱེ་བ་སྐྱེ་བར་ཡང་དང་ལུང་།། སྒྲ་དང་ལྷ་མོ་རྡོ་བཞིན་དུ།། རང་གི་ཁྱོན་སྲང་མི་གྷ།
140b2 བརྫུན་དུ་སྨྲས་པས་སླར་ཡང་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ།། དེར་ཡང་དམྱལ་བའི་སྲུངས་མ་རྣམས་ཀྱིས་སྒྲ་ཆེན་པོའི་ཚིག་སྒྲོགས་ཤིང་། མཚོན་ཆ་འབར་བ་སྣ་ཚོགས་པ་བླངས་ནས་ལྕགས
140b3 བསྲེགས་ཀྱི་ས་གཞི་ལ་དམྱལ་བའི་སེམས་ཅན་གཅིག་གིས་གཅིག་འདྲུད་པ་དང་། འབར་བའི་ཐིག་ནག་པོས་འདེབས་པ་དང་། འབར་བའི་མཚོན་ཆ་བཟུང་ནས་ཡང་དག་པར་བསྒྱུར་བ་དང་།
140b4 ཞིབ་མས་འཚག་པ་བཞིན་དུ་སྟེའུ་དང་དགྲ་སྟས་འཇོག་པ་དང་། དེ་རྣམས་ཀྱིས་སྒྲ་ཆེན་པོ་སྒྲོགས་ཏེ་ངུ་ཞིང་གནས་སོ།། རང་གི་ཁྲག་འཐུང་ཞིང་ནང་དུ་དེར་གནས་པ་དེ་ཐིག་ནག་སྟེ་བརྫུན
140b5 དུ་སྨྲས་པས་སྐྱེའོ། ། དེར་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བའི་ཚོར་བ་མྱོང་བར་འགྱུར་རོ།། དགེ་སློང་དག་བརྫུན་དུ་སྨྲ་བ་ནི་སྦྲུལ་དུག་ཅན་དང་འདྲ་བར་ཡིད་ལ་བྱའོ།། དེས་སྡུག
140b6 བསྔལ་མང་པོ་བྱེད་དོ། ། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། གང་ཞིག་བརྫུན་དུ་སྨྲ་བ་ནི་རྣམ་པར་སྨིན་པ་ཆེན་པོའོ།།
140b7 དེ་མིར་སྐྱེས་ཀྱང་སྙིང་རྗེ་མེད་པ་དང་། སྐད་བྱ་རོག་གི་དང་འདྲ་བ་དང་། ལྕེ་མི་བདེ་བ་དང་། སོ་ལ་སྲིན་འབྱུང་བ་དང་། ཁ་དྲི་མོ་ཞིམ་པ་དང་། སོ་མི་སྙོམས་པ་དང་། ཚིག་རྩུབ་པ་དང་། གྲེ
iiif viewer powered by OpenSeadragon
140a - 141a