e-texts navigator
Collection
Volume
Page
Wylie

139a1 ། དཔག་ཚད་དྲུག་ཅུ་པའི་ལྗགས་ཀྱི་བུམ་པར་བསྐལ་པ་གཅིག་ཏུ་སྡོད་དོ།། མེ་མདུག་གིས་ཡོངས་སུ་གང་བར་དམྱལ་བའི་སྲུངས་མ་རྣམས་ཀྱིས་ཁར་ལྡུགས་སོ།།
139a2 ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རི་ནགས་བརྩེགས་པ་མཉམ་ཞིང་མཐོ།། ཤིང་ནི་ཚེར་མར་བཅས་པ་དང་།། ལྕགས་ཀྱི་ཚེར་མ་རྣོན་པོ་ཡི།། འཇིག་རྟེན་མི་ལ་བདེ་བ་མེད
139a3 ཤིང་གི་རྩེ་མོར་གནས་པ་ཡི། ། དུས་ཀྱི་ཆུང་མས་ཅི་ཞིག་བྱ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདོད་པ་རྣམས་ལ་ལོག་པར་གཡེམ་པ་ནི། སྦྲུལ་དུག་ཅན
139a4 དང་འདྲ་བར་བལྟ་བར་བྱའོ། ། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། གང་ཞིག་འདོད་པ་རྣམས་ལ་ལོག་པར་གཡམ་པའི།
139a5 རྣམ་པར་སྨིན་པ་ནི་ཤིན་ཏུ་ཆེན་པོའོ།། དེ་མིར་སྐྱེས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་ལྔ་བརྒྱར་བུད་མེད་འགྱུར།། དེ་བཞིན
139a6 དུ་ནི་མ་ནིང་འགྱུར། ། སྐྱུག་བྲོའི་མཛེ་ཅན་ཡང་ཡང་འགྱུར།། ལོག་པར་གཡེམ་པའི་ཉེས་པའོ།། སྐྱེ་བ་དུ་མར་ཉེ་བར་འཚེ་བ་དང་། དགྲ་མང་བར་འགྱུར་བ་དང་། མི་མཛའ་བ་དང་ངག་ཏུ
139a7 ལྷན་ཅིག་ཏུ་གནས་པར་འགྱུར་བ་དང་། ཉལ་དང་ལྡང་བའི་ཚེ་སྡུག་བསྔལ་དང་བཅས་པ་དང་། དུས་རྟག་ཏུ་ཁྲོ་བ་དང་། མིས་གནོད་པར་བྱེད་པ་དང་། རྟག་ཏུ་ལུས་སྐུར་བར་འགྱུར་བ་དང་། འོ་ན




iiif viewer powered by OpenSeadragon

138b - 139b

Texts on this page

S295 - bslab pa lnga'i phan yon gyi mdo