| | e-texts navigator
|
107a1 ཕྱག་འཚལ། ། རྟག་ཏུ་འདི་ནི་ཉན་པའོ།། དེ་ཕྱིར་དེ་ལྟར་འདི་བརྗོད་དེ།། རྒྱུལ་བ་གོཊ་ཏམ་ཕྱག་གྱིས་ཤིག། རྒྱལ་བ་གོ་རུ་ཏམ་ཕྱག་བགྱིད་དོ།། རིག་པ་དང་ནི་ཞབས་སུ
107a2 ལྡན། སངས་རྒྱས་གོའུ་ཏམ་ཕྱག་འཚལ་ལོ།། གང་ཡང་ཡི་དགས་རྗོད་བྱེད་པ།། ཕྲ་མ་རྒྱབ་ཀྱི་ཤ་ཅན་དང་།། སྲོག་གཅོད་པ་ལ་ཆགས་པ་དང་།། སྐྱེ་བོ་མ་ལུས་འཇོམས་པའོ།། འདིར་ནི་།
107a3 ཡི་ཕྱོགས་གནས་པའི།། སྐྱེ་བོ་རྣམས་ལ་འདི་སྐད་བརྗོད།། དེ་ཡི་གནས་ནི་ཡོངས་སྐྱོང་བ།། རྒྱལ་པོ་ཆེན་པོ་གྲགས་ལྡན་པ།། གྲུལ་བུམ་རྣམས་ཀྱི་བདག་པོ་སྟེ།། མིང་ནི་འཕགས་སྐྱེས་པོ
107a4 ཞེས་བྱ། ། གྲུལ་བུམ་འཁོར་དང་བཅས་པ་ནི།། གླུ་དང་གར་གྱིས་དགའ་བར་བྱེད།། དེ་ཡི་བུ་ནི་མང་པོ་རྣམས།། མིང་ནི་གཅིག་ཏུ་ཐོས་པ་སྟེ།། དབང་པོ་ཞེས་བྱ་སྟོབས་དང་ལྡན།། དེ་ནི་དགུ་བཅུ
107a5 རྩ་གཅིག་གོ། ། དེ་ཡང་སངས་རྒྱས་མཐོང་བ་དང་།། ཉི་མའི་རྒྱུད་ཀྱི་སངས་རྒྱས་ནི།། འཇིགས་དང་བྲལ་བ་ཆེན་པོ་ལ།། ཐག་རིང་ནས་ནི་ཕྱག་བགྱིའོ།། སྐྱེས་བུ་ཅང་མཁྱེན་ཁྱོད་ཕྱག་འཚལ།
107a6 སྐྱེས་བུ་མཆོག་ཁྱོད་ཕྱག་འཚལ་ལོ།། དགེ་བ་རྟག་ཏུ་གསུང་བ་ལ།། མི་མ་ཡིན་རྣམས་ཁྱོད་ཕྱག་འཚལ།། རྟག་ཏུ་འདི་ནི་ཉན་པའོ།། དེ་ཕྱིར་དེ་ལྟར་འདི་བརྗོད་དེ།། རྒྱལ་བ་གོའུ་ཏམ་ཕྱག་གྱིས་ཤིག
107a7 རྒྱལ་བ་གོརུ་ཏམ་ཕྱག་བགྱིད་དོ། ། རིག་པ་དང་ནི་ཞབས་སུ་ལྡན།། སངས་རྒྱས་གོའུ་ཏམ་ཕྱག་འཚལ་ལོ།། ཉི་མའི་དཀྱིལ་འཁོར་ཆེན་པོ་ནི།། གང་ནས་གང་དུ་ཤར་གྱུར་པ།། དེར་ནི་ཉིན་མོར་འགྱུར་བ་སྟེ།
iiif viewer powered by OpenSeadragon
106b - 107b