| | e-texts navigator
|
105b1 ས། ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གནོད་སྦྱིན་མ་རུངས་པ་གང་ལ་ལ་ཞིག་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏོ།།
105b2 གནོད་སྦྱིན་མ་རུངས་པ་གང་ལ་ལ་ཞིག་བཅོམ་ལྡན་འདས་ལ་དད་པར་གྱུར་ཏོ།། གནོད་སྦྱིན་འབྲིང་པོ་གང་ལ་ལ་ཞིག་བཙུན་པ་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏོ།། གནོད་སྦྱིན་འབྲིང་པོ་གང་ལ་ལ
105b3 ཞིག་བཙུན་པ་བཅོམ་ལྡན་འ་དས་ལ་དད་པར་གྱུར་ཏོ། ། གནོད་སྦྱིན་དམན་པ་གང་ལ་ལ་ཞིག་བཙུན་པ་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏོ།། གནོད་སྦྱིན་དམན་གང་ལ་ལ་ཞིག་བཙུན་པ་བཅོམ་ལྡན་འདས
105b4 ལ་དད་པར་གྱུར་ཏོ། ། གནོད་སྦྱིན་གང་ལ་ལ་ཞིག་བཙུན་པ་བཅོམ་ལྡན་འདས་ལ་མ་དད་པར་གྱུར་པའི་རྒྱུ་གང་ལགས། བཙུན་པ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་སྤོང་བའི་ཆོས་བསྟན་པ་དང་། མ་བྱིན
105b5 པར་ལེན་པ་སྤོང་བའི་ཆོས་བསྟན་པ་དང་། འདོད་པ་ལོཀ་པར་སྤྱོད་པ་སྤོང་བའི་ཆོས་བསྟན་པ་དང་། བརྫུན་དུ་སྨྲ་བ་སྤོང་བའི་ཆོས་བསྟན་པ་དང་། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤོང་བའི་ཆོས་བསྟན
105b6 པ་མཛད་ལ། གནོད་སྦྱིན་གང་དེ་རྣམས་སྲོག་གཅོད་པ་སྤོང་བ་ལ་མི་དགའ་བར་གྱུར་པ་དང་། མ་བྱིན་པར་ལེན་པ་སྤོང་བ་ལ་མི་དགའ་བར་གྱུར་པ་དང་། འདོད་པ་ལོག་པར་སྤྱོད་པ་སྤོང་བ་ལ་མི་དགའ་བར
105b7 གྱུར་པ་དང་། རྫུན་དུ་སྨྲ་བ་སྤོང་བ་ལ་མི་དགའ་བར་གྱུར་པ་དང་། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤོང་བ་ལ་མི་དགའ་བར་གྱུར་པས། དེ་རྣམས་ལ་མི་དགའ་ཞིང་མི་འདོད་པར་གྱུར་ཏོ།།
iiif viewer powered by OpenSeadragon
105a - 106a