e-texts navigator
Collection
Volume
Page
Wylie

105a1 ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ། ། སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག།། རྒྱ་གར་སྐད་དུ། ཨཱ་ཊྚ་ནཱརྦི།
105a2 ཡ་སཱུ་ཏྲ། བོད་སྐད་དུ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཱ། བཅོམ་ལྡན་འདས་རྒྱལ
105a3 པོའོ་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་གནོད་སྦྱིན་མང་པོའི་སྡེ་དང་། དྲི་ཟ་མང་པོའི་སྡེ་དང་། གྲུལ་བུམ་གྱི་སྡེ་མང་པོ་དང་། ཀླུའི་སྡེ་མང་པོ་རྣམས་ཕྱོགས་བཞི
105a4 བསྲུང་ཞིང་གནས་སོ། ། ཕྱོགས་བཞིར་ཚན་ཚན་དུ་གནས་སོ།། ཕྱོགས་བཞི་སྐྱོང་ཞིང་གནས་སོ།། མཚན་མོ་འོངས་ཏེ་ཁ་དོག་སྣ་ཚོགས་པ་ཅན་གྱིས་བྱ་རྒོད་ཕུང་པོའི་རི་འབའ་ཞིག་སྣང་བར་བྱས་ཏེ།
105a5 བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་སོང་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གནོད་སྦྱིན་དེ་རྣམས་ལས་ཀྱང་གང་ལ་ལས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས
105a6 གཅིག་ཏུ་འཁོད་དོ། ། གང་སུ་དག་གིས་བཅོམ་ལྡན་འདས་ལ་བསྣུན་གསོལ་ཏེ་བསྙུན་གསོལ་ནས། ཇི་ལྟར་སྙིང་པོ་དང་སྙིང་པོ་མེད་པའི་གཏམ་འདྲི་ཞིང་ཕྱོགས་གཅིག་ཏུ་འཁོད་དོ།། གང་སུ་དག་གིས
105a7 བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བའི་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། གང་སུ་དག་གིས་མིང་དང་རིགས་དཔྱོད་ཅིང་ཕྱོགས་གཅིག་ཏུ་འཁོད་དོ།། གང་སུ་དག་ཅང་མི་སྨྲ་བར་ཕྱོགས་གཅིག




iiif viewer powered by OpenSeadragon

104b - 105b

Texts on this page

S291 - lcang lo can gyi pho brang gi mdo