| | e-texts navigator
|
265b1 རེ་རེ་ལ་ཤཱཀྱའི་འདིའི་འོ་ཞེས་མིང་མ་ནོར་བར་རིམ་པར་རྫོགས་པ་གསུངས་པ་ལས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ། ཤཱཀྱ་མིང་ཆེན་ལ་སོགས
265b2 པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།།
265b3 འཇིག་རྟེན་པ་ལྟར་བརྫུན་མི་མངའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས་ཀྱི་ཕུར་མ་མ་ནོར་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ན།། ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།། བཅོམ་ལྡན
265b4 འདས་ཀྱིས་གསུངས་པ་མེད། ། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས་སྤོབས་པ་མེད་དེ་མི་སྦ་བར་འདུག་གོ།། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་ས
265b5 ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས། དེའི་རྣམ་པར་སྨིན་པ་མི་ཟད་པ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར
265b6 བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ
265b7 བྱས་པ་དག་གིས་རྒྱུ་མེད་པའི་སེམས་དང་། རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱང་བར་འགྱུར་རོ།། འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད
iiif viewer powered by OpenSeadragon
265a - 266a