e-texts navigator
Collection
Volume
Page
Wylie

278a1 བདག་གིས་ནུས་པ་མ་ཡིན་ནོ། ། རྒྱལ་བུས་སྨྲས་པ། ད་ལྟར་རེ་ཞིག་མཆོག་ཏུ་ཕྱུག་པོར་གྱུར་ཏེ། སྔོན་པས་ཀྱང་ལྷག་པར་རྟག་པར་སྦྱིན་པ་བྱིན་ཞིང་། ཡབ་རྒྱལ་པོ་དང་། བློན
278a2 པོ་རྣམས་དང་བདག་ཅག་ཕྲད་པར་ཤོག་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨོན་པ་བཞིན་དུ་ངེས་པར་གྲུབ་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མི་སྣང་བར་གྱུར་ཏོ།། ཡུལ་ཀེའུ་ལེའུའི་བྲམ་ཟེ་དེས་བྱིས
278a3 པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་ན། ཆུང་མས་འདི་སྐད་དུ། ཁྱོད་ངོ་སོ་འདི་ལྟ་བུས་འཁོར་ཏེ་འོངས་པ་ལྟ་ངོ་མི་ཚ་འམ། བྱིས་པ་འདི་གཉིས་ནི་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ན། སྙིང་རྗེའི་སེམས་ཀྱང་།
278a4 མེད་དེ། འདི་ལྟར་བཙོགས་བརྡེགས་ཤིང་། ལུས་ལ་རྨ་དང་རྣག་ཁྲག་གིས་བཙོག་བཙོག་ལྟར་བྱས་པ་བཟོད་དམ་ཞེས་སྤྱོ་བརྒྱད་ནས། བྱིས་པ་འདི་གཉིས་ཚོངས་ལ། བཀོལ་དུ་རུང་བ་ཁྲིང་ཤོག་ཅིག
278a5 ཅེས་བསྒོ་བ་དང་། ཁྱིམ་ཐབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོང་དུས་སུ་སོང་བ་ལས། བརྒྱ་བྱིན་ལྷའི་དབང་པོ་སྤྲུལ་ཏེ།། ཚོང་དུས་སུ་འོངས་ནས། བྲམ་ཟེ་དེ་ལ་བྱིས་པ་འདི་ནི་ཤིན་ཏུ་རིན་ཆེ་བས། སུལ
278a6 ཉོ་མ་ནུས་སོ་ཞེས་སྨྲས་སོ། ། བྱིས་པ་དེ་གཉིས་བཀྲེས་ཤིང་སྐོམ་པ་ལས། བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་བསུང་སྤྲུལ་ཏེ། བྱིས་པ་གཉིས་ཀྱི་བ་སྤུའི་ཁུང་བུ་ནས་ལྟོ་འགྲངས་པར་བྱས་ཏེ།
278a7 བརྒྱ་བྱིན་གྱིས་བྲམ་ཟེའི་སེམས་ཀྱང་བསྒྱུར་ནས། ཡུལ་ཡ་བར་ཕྱིན་པར་བྱས་སོ།། ཡུལ་དེའི་བློན་པོ་དང་ཡུལ་མི་ཐམས་ཅད་ཀྱིས་རྒྱལ་བུའི་སྲས། རྒྱལ་པོ་ཆེན་པོའོ་ཚ་བོ་ཡིན་པར་མི་ཤེས་པ




iiif viewer powered by OpenSeadragon

277b - 278b

Texts on this page

S267 - 'phags pa rgyal bu don grub kyi mdo