e-texts navigator
Collection
Volume
Page
Wylie

273a1 སོང་བ་ལས། དན་ཏིག་གི་རོ་དྲུང་དུ་ཆུ་ཆེན་པོ་ཞིག་ཡོད་པར་ཕྱིན་ནས། རྒྱལ་བུ་འབའ་ཞིག་བསམ་ཤིང་ཡིད་ལ་བྱས་པས། ཆུའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ།། དེ་ནས་བྲམ་ཟེ
273a2 རི་དེར་ཕྱིན་ནས། ཐོག་མ་རྔོན་པ་ཞིག་དང་ཕྲད་དོ།། རྔོན་པ་དེ་ལ་ཁྱོད་རི་དེ་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང་། རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ་འདི་དག་གི་ཕྱིར་རི།
273a3 ལ་སྤངས་པར་ཤེས་པས། རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས། ཤིང་ལ་བཅིངས་ཏེ། བརྡེགས་པས་ལུས་ལ་རྨ་ཡང་བྱུང་ངོ་།། རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་ཞིག་བྱ།། མངའ་འཕང་ངོ
273a4 ཞེས་བྱས་པ་དང་། བྲམ་ཟེ་དེ་ལ་འདི་སྙམ་དུ། ད་ནི་འདིས་བདག་གསོད་ཡང་དག་ན། བརྫུན་ཞིག་བྱའོ་སྙམ་བསམ་ནས། རྔོན་པ་ལ་ཁྱོད་བདག་ལ་འདྲི་ན་ཅི་ཉེས་ཞེས་སྨྲས་སོ།། དེ་ནས་རྔོན་པས།
273a5 འོ་ན་ཅི་ཞིག་སྨྲ་བར་སེམས་ཞེས་དྲིས་པ་དང་། བྲམ་ཟེས་བརྫུན་ཚིག་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དགའ་བས། བདག་འདིར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ་ཞེས་སྨྲས།
273a6 མ་ཐག་ཏུ། རྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་རྟོགས་ཏེ། རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས། རྒྱལ་བུ་གང་ན་འདུག་པའི་གནས་བསྟན་ཏོ།། དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཐད་དུ་ཕྱིན
273a7 པ་དང་། རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བསུས་ནས་གུས་པར་ཕྱག་བྱས་ཏེ། ཁྱོད་གལས་འོངས། ལམ་དུ་ཉོན་མོངས་ཤིང་ངལ་བར




iiif viewer powered by OpenSeadragon

272b - 273b

Texts on this page

S267 - 'phags pa rgyal bu don grub kyi mdo