e-texts navigator
Collection
Volume
Page
Wylie

272a1 བ་ལས། ལམ་དུ་ཁྱོག་གཞོན་ནུ་དག་ཅིག་དང་ཕྲད་དེ། དེ་དག་བདག་ལ་ཅོ་འདྲི་ཞིང་བགད་པས། ད་ཁྱོད་ཀྱིས་བཀོལ་བའི་བྲན་ཡོད་ན། ཆུ་ཆུ་ཡང་མི་དགོས་ཏེ། གཞན་གྱིས
272a2 དཔྱས་པར་ཡང་མི་འགྱུར་རོ། ། ཁྱིམ་ཐབས་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ་ཡང་དབུལ་འཕོངས་པ་ཡིན་ན། བྲན་ཁོལ་ག་ལས་རྙེད་པར་འགྱུར། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན
272a3 ཁོལ་མ་བཙལ་ན། བདག་ཀྱང་འགྲོ་སྟེ། ཁྱོད་དང་ལྷན་ཅིག་མི་གནས་སོ།། ཆུང་མས་ཡང་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཐོས་ན། རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོས་པར་བྱིན་པས། ཡབ་རྒྱལ་པོ།
272a4 རིངན་ཏིག་ཅེས་བྱ་བར་སྤངས་སོ།། རྒྱལ་བུ་དེ་ལ་ཁྱེའུ་གཅིག་དང་། བུ་མོ་གཅིག་ཡོད་ཅེས་གྲག་གིས། ཁྱོད་དེར་སློང་དུ་སོང་ཞིག། ཁྱིམ་ཐབས་ཀྱིས་སྨྲས་པ། རི་དན་ཏིག་ཅེས་བྱ་བ་འདི
272a5 ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གིས་ལམ་སོ་ཡོད་ལ། སྔོན་ལ་ལུང་བགྲོད་ཀྱང་མ་མྱོང་ན། ད་ཇི་ལྟར་བགྲོད་པར་བྱ།། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན། བདག
272a6 འགེགས་ཏེ་འཆིའོ་ཞེས་སྨྲས་པ་དང་། གཉིས་ན་ཁོ་བོ་ནི་གཅིག་གིས་གསད་ཀྱང་སླའོ།། ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས། ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དང་ན། ཁོ་བོའི་བརྒྱགས་དང་དགྲ
272a7 པ་སྦྱོར་ཅོག་ཅེས་བསྒྲེའོ། ། ཆུང་མས་སྤྲས་པ། ད་སོང་ཞིག་བརྒྱགས་དང་དགོས་པ་ཡང་མེད་དེ་ཞེས་སྨྲས་ན། བྲམ་ཟེས་བརྒྱགས་རང་སྦྱར་ཏེ། རྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་།། དེ་ནས་བྲམ




iiif viewer powered by OpenSeadragon

271b - 272b

Texts on this page

S267 - 'phags pa rgyal bu don grub kyi mdo