e-texts navigator
Collection
Volume
Page
Wylie

269a1 ཏེ་རྀ་ག་ལ་བ་དེར་སོང་ངོ་། ། རི་དན་ཏིག་ཅེས་བྱ་བར། ཡུལ་ཡ་བ་ནས་ལམ་སོ་རབ་ཏུ་རིང་སྟེ། དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ།། དེ་ལྟར་སོང་སོང་བ་ལས
269a2 འབྲོག་དགོན་པར་ཕྱིན་ནས། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་ལས། སུམ་ཅུ་རྩ་གསུམ་གནས་ཀྱི་ལྷའི་དབང་པོས་འབྲོག་དགོན་པ་དེར། གྲོང་ཁྱེར་ཁྱིམ་བཟང་པོ་ཚོང་དུས་དང་།
269a3 ལམ་སྲང་ཡོད་པ། རོལ་མོ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་ལྡན་པ། གྲོང་ཁྱིམ་དེ་ནི་མོ་དག་གིས་རྒྱལ་བུ་བསུ་བ་དག་སྤྲུལ་ཏོ།། མི་མང་པོས་རྒྱལ་བུ་གྲོང་ཁྱིམ་དུ
269a4 བསུས་ཏེ། ཟས་དང་། སྐོམ་དང་། བདེ་བའི་ཡོ་བྱད་ཀྱིས་བསྟབས་པ་དང་། བཙུན་མོས།། རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་བགྲོད་པས་རབ་ཏུ་ངལ། ད་ཐལ་བྱུང་འདུག་ཏུ་མི་རུང
269a5 ངམ་ང་རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དྲན་ཏིག་ཏུ་སོང་ཞིག་ཅེས་བཀའ་སྩལ་ཏོ།། ད་འདིར་འདུག་པར་འགྱུར་ན། ཡབ་རྒྱལ་པོའི་བཀའ་དང་འགལ་བར་འགྱུར་ཏེ།
269a6 བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གསུངས་ནས་གྲོང་ཁྱེར་དེ་ནས་བྱུང་སྟེ་མོད་ལ་སོང་ངོ་།། དེ་ལྟར་སོང་བ་ལས། རིང་པོ་མ་ལོན་པར། རི་དན་ཏིག་གི་དྲུང་དུ་ཕྱིན་པ་དང་། རཾ་དེའི་དྲུང་ན་ཆུ་ཆེན་པོ
269a7 ཤིན་ཏུ་ཟབ་པ། བརྒལ་བར་མི་ཐར་པ་ཞིག་དང་ཕྲད་དོ།། དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཞིག་འདིར་བསྡད་དོ།། ཆུ་ཆེན་པོ་བྲི་ནས་བརྒལ་ཏེ་འདོང་ངོ་ཞེས་སྨྲས་པ་དང་། རྒྱལ་བུས




iiif viewer powered by OpenSeadragon

268b - 269b

Texts on this page

S267 - 'phags pa rgyal bu don grub kyi mdo