e-texts navigator
Collection
Volume
Page
Wylie

267b1 ནའང་འང་འདྲ་བ་མེད་པས། ཡང་བཞིན་དུ་སྦྱིན་པ་མཛད་དྲགས་པ། རྒྱམ་བུས་སྨྲས་པ། ཁྱོད་དེ་སྦྱར་ནུས་ན་ཤིན་ཏུ་ལེགས་པ་ཞེས་རྒྱམ་བུ་དང་། བཙུན་མོ་དང་། ཟླས་གཉིས་དང་བཅས་འབྱོ།
267b2 ཏེཡུམ་གང་ན་བ་དེར་སོང་ནས། ད་བདག་ཅོག་མཆིའོ་ཞེས་མཆི་ཕྱག་བྱས་ནས། ཡུམ་ལ་འདི་སྐད་ཅེས་གསོལ་ཏོ།། ཡུམ་གྱིས་སྐབས་སྐབས་སུ་རྒྱལ་བུ་ཆེན་པོ་ལ། ཅི་ནས་དཀར་པོའི
267b3 ཆོས་ཀྱིས་ཡུལ་གྱི་སྲིད་བདེ་ཞིང་འབངས་མང་པོ་སྙམས་ལས་མེ་བཅད་པར་གྲོས་གདབ་པར་གསོལ་ལོ། ། ཡུམ་གྱིས་རྒྱལ་བུ་འགྲོའོ་ཞེས་མཆི་ཕྱག་བྱས་པ་མཐོང་ནས། ལྷག་པར་མྱ་ངན་གྱིས
267b4 གདུངས་ཏེ། དྲུང་ན་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ལུས་འདི་ནི་རྡོ་བ་ཡིན་པ་ལྟ། སྙིང་ནོ་རྡོ་རྗེ་ཡིན་པ་ལྟ་སྟེ། བདག་གིས་རྒྱལ་པོ་ཆེན་པོའི་རིམ་གྲོ་བྱ་བ་ལ་སྐྱོན་མ་བྱུང་ན། ད་ཁོ
267b5 མེམོའི་བུ་གཅིག་པུ་འདི་དང་བྲལ་ཏེ། འགྲོན་ཅིའི་ཕྱིར་ལོ་མའི་སྟོང་འདོགས་ཏེ་ཤི་བར་མ་གྱུར། བུ་འདི་ལོ་མོའི་ཁོང་པ་ན་འདུག་པ་ན། སྐྱེད་ཤིང་གི་འདབ་མ་ལྟར་ཉིན་མཚན་ཚོར་སྐྱེས་ཏེ།
267b6 ངབསྐྱེད་རྫོགས་ནས། ཁོ་མོས་བོར་ཏེ་སོང་བས་ན། བཙུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ། རྒྱལ་པོས་ཀྱང་བཀུར་བར་མི་འགྱུར་ན། གལ་ཏེ་ལྷ་རྣམས་ཀྱིས
267b7 བདག་གི་སྨོན་ལམ་བཞིན་མི་འགལ་བར་མཛད་ན། བདག་གི་བུ་ཕྱིར་ཡུལ་དུ་འཁོར་བར་ཤོག་ཅེས་སྨོན་ལམ་བཏབ་བོ།། དེ་ནས་རྒྱལ་བུ་བཙུན་མོ་དང་སྲས་གཉིས་དང་བཅས་ཏེ། ཡབ་དང་།




iiif viewer powered by OpenSeadragon

267a - 268a

Texts on this page

S267 - 'phags pa rgyal bu don grub kyi mdo